ད་ལོའི་དཔྱིད་དུས་ཀྱི་རི་འཛེགས་གད་སྙིགས་གཙང་སེལ་བྱེད་སྒོ་ཇོ་མོ་གླང་མའི་སྒར་ས་ཆེ་མོར་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༡ ཉིན།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་དང་ཀྲུང་གོ་རི་འཛེགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ད་ལོའི་དཔྱིད་དུས་ཀྱི་རི་འཛེགས་གད་སྙིགས་གཙང་སེལ་བྱེད་སྒོ་ས་བབ་མཐོ་ཚད་སྨིད ༥༢༠༠ ཡི་སར་ཡོད་པའི་ཇོ་མོ་གླང་མའི་རི་འཛེགས་སྒར་ས་ཆེ་མོར་མུ་མཐུད་སྤེལ་ཡོད།  བྱེད་སྒོའི་ཁྲོད་ཇོ་མོ་གླང་མ་དང་ཇོ་བོ་དབུ་ཡག  ཤི་ཤ་སྦང་མ་བཅས་རི་གསུམ་གྱི་གད་སྙིགས་རིགས་དབྱེ་གཙང་སེལ་བྱས་ཏེ།  རི་བོ་དེ་དག་གནས་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་ཚན་པར་ཐག་གཅོད་བྱེད་རྒྱུར་སྤྲོད་རྒྱུ་རེད། 

 
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱི་ཅུད་ཀྲང་ཉི་མ་ཚེ་རིང་ནས་རི་གསུམ་པོའི་གད་སྙིགས་གཙང་སེལ་ལས་དོན་སྤྱི་ཟླ་བཞི་པའི་ཚེས ༢༠ ཉིན་ནས་འགོ་བཙུགས་པ་དང་།  བོད་རང་སྐྱོང་ལྗོངས་རི་འཛེགས་རུ་ཁག་དང་རི་འཛེགས་མཐུན་ཚོགས།  བོད་ལྗོངས་གནས་རི་ཀུང་སི།  བོད་ལྗོངས་ལྷ་ས་ཧི་མ་ལ་ཡ་རི་འཛེགས་སྣེ་ཤན་སློབ་གྲྭ་བཅས་ཀྱིས་གད་སྙིགས་གཙང་སེལ་ལས་ཀའི་འགན་འཁུར་ཡོད།  དེང་སྐབས་ཇོ་བོ་དབུ་ཡག་དང་ཤི་ཤ་སྦག་མའི་རི་འཛེགས་གད་སྙིགས་གཙང་སེལ་བྱེད་སྒོ་ལེགས་སྒྲུབ་ཟིན་པ་དང་།  ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་གཙང་སེལ་བྱེད་སྒོ་སྤྱི་ཟླ་དྲུག་པ་བར་རྒྱུན་མཐུད་རྒྱུ་རེད་ཅེས་བཤད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]