བོད་ལྗོངས་རི་འཛེགས་རུ་ཁག་བཙུགས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཀྲུང་གོ་རི་འཛེགས་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་རི་འཛེགས་རུ་མིས་ཇོ་མོ་གླང་མར་ཐོག་མ་འཛེགས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་བ་དང་།  བོད་ལྗོངས་རི་འཛེགས་རུ་ཁག་བཙུགས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཇོ་མོ་གླང་མའི་རི་འཛེགས་སྒར་ས་ཆེ་མོར་འཚོགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ལོ ༡༩༧༥ ལོར་སླར་ཡང་ཇོ་མོ་གླང་མར་འཛེགས་མཁན་ཀྲུང་གོའི་རུ་ཁག་གི་འཐུས་མི་བསམ་གྲུབ་དང་།  ས་བབ་མཐོ་ཚད་སྨིད་བརྒྱད་སྟོང་ཡན་གྱི་རི་མཐོར་འཛེགས་མཁན་བོད་ལྗོངས་མྱུལ་དཔྱད་རུ་ཁག་གི་རུ་མིའི་འཐུས་མི་སྤེན་པ་བཀྲ་ཤིས།  སྤྱི་ལོ ༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་བརྒྱུད་སྤྲོད་བྱེད་མཁན་རུ་མིའི་འཐུས་མི་ཚེ་རིང་བསམ་གྲུབ་སོགས་རི་འཛེགས་ལུས་རྩལ་པ་རྒན་གྲས་ཚོས་རང་ཉིད་ཀྱི་རི་འཛེགས་མྱོང་ཚོར་ཟབ་མོ་སྤེལ་རེས་བྱས་པ་རེད།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཀྲུང་གོ་རི་འཛེགས་མཐུན་ཚོགས།  བོད་རང་སྐྱོང་ལྗོངས་རི་འཛེགས་རུ་ཁག་སོགས་ཀྱི་འཐུས་མིས་ཐུན་མོང་ཐོག་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱས་པ་རེད།

ཀྲུང་གོ་རི་འཛེགས་རུ་ཁག་གི་རུ་དཔོན་ཝང་ཡུང་ཧྥུང་ནས་ཀྲུང་གོ་རི་འཛེགས་མཐུན་ཚོགས་ཀྱིས་དཀའ་ངལ་ལ་མི་སྐྲག་པ་དང་སྙིང་རུས་ཆེན་པོས་འབད་བརྩོན།  མཐུན་སྒྲིལ་མཉམ་ལས།  རི་རྩེར་འཛེགས་ཕོད་པ་བཅས་ཀྱི་རི་འཛེགས་སྙིང་སྟོབས་དར་སྤེལ་བཏང་ནས།  ཚན་རིག་དང་བདེ་འཇགས།  ཁོར་ཡུག་སྲུང་སྐྱོང་།  ཤེས་དཔལ་བཅས་ལྡན་པའི་རི་འཛེགས་འདུ་ཤེས་ཁྱབ་གདལ་བཏང་སྟེ་རི་འཛེགས་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  བོད་ལྗོངས་རི་འཛེགས་རུ་ཁག་གིས་འཐུས་སྒོ་ཚང་བའི་ཆེད་ལས་ལུས་རྩལ་མ་ལག་དང་།  རི་མཐོའི་རོགས་སྐྱོབ་མ་ལག་དང་སྣེ་ཁྲིད་བའི་སྦྱོང་བརྡར་མ་ལག  ཉེན་འཚོལ་ཞབས་ཞུའི་མ་ལག་བཅས་སྐྲུན་ནས་རི་འཛེགས་མྱུལ་དཔྱད་ཀྱི་ཕྱི་རོལ་ལུས་རྩལ་ཐད་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  རི་བོ་ཇོ་མོ་གླང་མར་ཀྲུང་གོ་བས་ཐོག་མར་འཛེགས་ནས་ལོ་ངོ་ ༦༠ འཁོར་བ་དང་བོད་ལྗོངས་རི་འཛེགས་རུ་ཁག་བཙུགས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ཏེ།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཀྲུང་གོ་རི་འཛེགས་རུ་ཁག་གིས་ད་དུང་དྲན་གསོའི་བྱེད་སྒོ་གཞན་དག་ཡང་སྤེལ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]