སྤོ་བོ་སྒང་གི་ཡུན་ཧྲན་གསོམ་ཤིང་ནགས་གླིང་།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁོངས་སུ་ཡོད་པའི་ཡུན་ཧྲན་གསོམ་ཤིང་ནགས་གླིང་དེ་ཁྲབ་རྨོག་གྲོང་རྡལ་ནུབ་ངོས་ཀྱི་སྤྱི་ལེ ༢༢ ཀྱི་མཚམས་སུ་གནས་ཤིང་རྒྱ་ཁྱོན་ལ་སྤྱི་ཆིང་ ༢༨༠༠ ལྷག་ཙམ་དང་ནགས་ཚལ་ཁྱབ་ཚད་བརྒྱ་ཆ ༦༡ ཡན་ཟིན་གྱི་ཡོད་པས།  ཀྲུང་གོའི་རྒྱལ་ཁབ་ས་ཁམས་ཞེས་པའི་དུས་དེབ་ནང་རང་རྒྱལ་གྱི་ནགས་ཚལ་མཛེས་ཤོས་བཅུའི་གྲས་སུ་བདམས་ཡོད་པ་མ་ཟད།  རང་སྐྱོང་ལྗོངས་ཀྱིས་ལྗོངས་རིམ་པའི་འབྱུང་འཕྲོད་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟའི་ཁུལ་ཐོག་མར་ཡང་གཏན་འཁེལ་བྱས་པ་རེད།  མཛེས་ལྗོངས་ཁུལ་དུ་ཡུན་ཧྲན་གསོམ་ཤིང་དང་ཧྭ་ཧྲན་ཐང་ཤིང་གཙོ་བོར་བྱེད་པ་དང་།  རྩ་ཆེའི་རི་འཁྱར་སྲོག་ཆགས་དང་སྨན་རྩའི་རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]