འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་དམངས་སེམས་གཅིག་སྒྲིལ་བྱས་ཏེ་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་སེམས་གཅིག་སྒྲིལ་བྱས་ཏེ་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།  ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་རྒན་རྒོན་དང་བུད་མེད།  ཁེར་རྐྱང་གཉེར་སྐྱོང་པ་སོགས་མགོ་སྐོར་ཐེབས་སླ་བའི་མི་ཚོགས་ལ་དཔལ་འབྱོར་གྱོང་གུན་སྔོན་འགོག་བྱེད་པའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ།  རྒྱ་ཆེའི་མང་ཚོགས་ཚོས་རང་ངོས་ཀྱི་དོགས་ཟོན་འདུ་ཤེས་དང་སྔོན་འགོག་ནུས་པ་སྔར་བས་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག  སྤྱི་བདེ་ལས་ཁུངས་ཀྱིས་ཀྱང་མང་ཚོགས་ལ་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་བརྟན་པོ་ཡང་མངོན་ཐུབ་པ་བྱེད་རྒྱུ་དེ་ཡིན།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]