རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྤྱི་ཟླ་ལྔ་པའི་ཚེས ༢༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་པེ་ཅིང་དུ་འཚོགས་པ་དང་།  ནད་ཡམས་འགོག་ཟོན་ནུས་ལྡན་དང་ཐུན་མོང་ཐོག་སྤྱི་པའི་འཕྲོད་བསྟེན་དང་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད།  གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དྲ་རྒྱའི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་སྤེལ་ཡོད་པ་དང་།  ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀོའོ་ཝའེ་མིང་ནས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལ་ད་ཐེངས་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་གནང་བ་རེད།

ད་ལོའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ཚེས ༢༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་རྒྱུ་ཡིན་པ་དང་།  སྤྱི་ཟླ་ལྔ་པའི་ཚེས ༢༧ ཉིན་གྱི་ཕྱི་དྲོར་ཚོགས་ཆེན་མཇུག་སྒྲིལ་རྒྱུ་རེད།  ཚོགས་ཡུན་སྔར་ཡོད་འཆར་གཞི་ལས་ཉིན་བཞི་དང་ཕྱེད་ཀས་ཐུང་བ་ཡོད།།

༼ པར་རིས་ཡོངས་ཁུངས་ཤིན་ཧྭ་དྲ་བ ༽

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]