འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འཇོ་མདའི་འགྲིམ་འགྲུལ་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུ་འགན་ལེན་གང་ལེགས་བྱ་ཆེད།  ཉེ་ཆར།  ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཉེན་རྟོག་རུ་ཆེན་དང་བདེ་འཇགས་རུ་ཆེན།  དམངས་ཕན་ཉེན་རྟོག་ས་ཚིགས ༩ བཅས་ལས་གྲུབ་པའི་མཉམ་འབྲེལ་ཞིབ་བཤེར་བཅོས་སྒྲིག་རུ་ཁག་སྒྲིག་འཛུགས་བྱས་ཏེ།  རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བ་སོགས་མངོན་གསལ་དོད་པའི་འགྲིམ་འགྲུལ་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་མཁན་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད།  

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་བཅོས་སྒྲིག་བྱེད་སྒོའི་ནང་རླངས་འཁོར ༡༥༠ ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་རིགས་ཁག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད ༩ ཞིབ་བཤེར་ཐག་གཅོད་བྱས་པ།  དྲིལ་བསྒྲགས་དཔྱད་ཡིག ༣༠༠ ལྷག་སྤྲད་པ།  མང་ཚོགས་མི་གྲངས ༡༤༠ ལྷག་ལ་སློབ་གསོ་བརྒྱབ་པ་བཅས་རེད།  ཆང་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་ཚ་ནན་བཏང་བས།  མི་དམངས་མང་ཚོགས་ཕྱིར་སྐྱོད་བྱེད་རྒྱུར་བདེ་འཇགས་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]