འདམ་གཞུང་རྫོང་གིས་མོ་ནམ་གངས་རིའི་འདབ་རོལ་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ངག་དབང་།      སྤེལ་དུས།   2020-05-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ས་ཚིགས་དང་།  རྫོང་ཁྲིམས་འཛིན་ཁང་གི་ཁྲིམས་སྐྱོང་ཁྱབས་གདལ་ས་ཚིགས་བཅས་ཡིན་པའི་དབུ་མ་ཐང་ཤང་སྦྲ་ཁ་གྲོང་ཚོར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོའི་ཐོག  སྒྲོག་འགྲེལ་པས་གོ་བདེ་ལ་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས་མང་ཚོགས་ཚོར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་གསལ་འགྲེལ་བྱས་པ་དང་སྦྲགས།  བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་འདོན་པའི་བྱ་ཐབས་སྤྱད་དེ་མང་ཚོགས་ཚོའི་སེམས་ཤུགས་འཕེལ་ཐུབ་པ་དང་ནང་དོན་སེམས་སུ་ཟུག་ཐུབ་པ་བྱས་ཡོད།

གཞན་ཡང་འབྲེལ་ཡོད་ཚན་པས།  དབྱར་རྩྭ་དགུན་འབུ་སྔོག་འཐུའི་དྲིལ་བསྒྲགས་ལག་དེབ་སོགས་ཀྱི་དཔྱད་གཞི་བཀྲམས་ནས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཐོག་ཕ་ཡུལ་གྱི་རྩྭ་ཐང་ལ་སྲུང་སྐྱོང་བྱེད་དགོས་པའི་གལ་ཆེའི་རང་བཞིན་དང་།  ཡོང་འབབ་དེ་དག་འབྲོག་ལས་ཐོན་སྐྱེད་དང་འཚོ་བའི་མཁོ་བྱེད་ཐོག་བེད་སྤྱོད་ཡང་དག་བྱེད་དགོས་པ་ལས།  ཤོ་སྦག་རྒྱན་འཛུགས་སོགས་ཀྱི་བག་མེད་ལོངས་སྤྱོད་བྱེད་མི་རུང་བའི་མཛུབ་སྟོན་གནང་ཡོད།།

  ༼  རྩོམ་སྒྲིག་ཚེ་གཡུས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]