གནས་སྤོས་མང་ཚོགས་ཀྱིས་ཇ་ལོ་འདེབས་འཛུགས་བྱས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རོང་སྨད་གྲོང་རྡལ་ཁ་ཏིས་གྲོང་ཚོ་ནི།  ཁ་ཏིས་དང་ཁྲོ་ཉི།  ཕ་བུ།  སྐེད་རི་སོགས་གྲོང་ཚོ ༨ དེ་སྔ་གནས་སྤོ་བྱས་པ་དེ་དག་ལས་གྲུབ་པའི་གྲོང་ཚོ་གསར་པ་ཞིག་ཡིན་པ་དང་།  གྲོང་ཚོ་དེ་དག་གནས་སྤོ་མ་བྱས་གོང་ས་ཁམས་ཁོར་ཡུག་ཞན་པ་དང་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པ།  འཐུང་ཆུའི་བདེ་འཇགས་འགན་ལེན་མེད་པ་བཅས་ཡིན་པས་ཕྱོགས་གཅིག་གི་ས་ཆུ་ཡིས་ཕྱོགས་གཅིག་གི་མི་གསོ་མི་ཐུབ་ཅེས་བཤད་ཆོག

གནས་སྤོས་མང་ཚོགས་སྤོ་ཐུབ་པ་དང་ཡུན་གནས་ཐུབ་པ།  ལས་ཀ་བྱེད་ས་ཡོད་པ།  ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཆེད།  རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག  ཁ་ཏིས་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་ཇ་ལོ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།  ད་ཆ་ཇ་ལོ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ ༢༠༦.༨ ཟིན་པ་དག་དེང་སྐབས་དུད་ཚང་ཚང་མར་བགོ་འགྲེམ་ཐུབ་ནས་མི་རེའི་ཇ་ལོ་འདེབས་འཛུགས་རྒྱ་ཁྱོན་ཆ་སྙོམས་མུའུ ༠.༧ ཟིན་ཏེ།  མང་ཚོགས་ཁྱིམ་གཞིས་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་སྔར་བས་འཕེལ་ཡོད་པ་མ་ཟད།  མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་ཡོད་ལ་ཕྱུག་འགྱུར་འབབ་འཕར་གྱི་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་ཟླ ༤ པར།  ཁ་ཏིས་གྲོང་ཚོའི་ཇ་ལོ་རྟེན་གཞིར་ཇ་ལོ་རྒྱ་མ ༡༥༠ ལྷག་ཙམ་འཐུ་ཐུབ་པ་ཚང་མ་སྤོ་བོ་རྫོང་ཡིད་འོང་ཇ་རས་ཉོ་སྒྲུབ་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་ཁ་ཏིས་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ཚོ ༡༡༠༩༣.༦༣ ཟིན་པ་དང་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར ༩༠༩༦.༧༨ ཟིན་ཡོད།  ད་ཆའི་ཁ་ཏིས་གྲོང་ཚོའི་འཕྲོད་བསྟེན་དང་འགྲིམ་འགྲུལ།  སྨན་བཅོས།  སློབ་གསོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་།  མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་པས་སྐྱིད་སྣང་དང་ཐོབ་སྣང་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]