ལྗོངས་ལུས་རྩལ་ཅུད་དང་ད་ལོ་ཇོ་རིའི་མཐོ་ཚད་ཚད་ལེན་བྱེད་མཁན་རུ་ཁག་དབར་ལན་ཆིའུ་སྤོ་ལོའི་མཛའ་མཐུན་འགྲན་བསྡུར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་ལྔ་པའི་ཚེས ༣༡ ཉིན།  ལྗོངས་ལུས་རྩལ་ཅུད་རུ་ཁག་དང་ ༢༠༢༠ ལོར་ཇོ་རིའི་མཐོ་ཚད་ཚད་ལེན་བྱེད་མཁན་རི་འཛེག་རུ་ཁག་དབར་གྱི་ལན་ཆིའུ་སྤོ་ལོའི་མཛའ་མཐུན་འགྲན་བསྡུར་བྱེད་སྒོ་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་སུ་སྤེལ་བ་རེད།

འགྲན་བསྡུར་ཁྲོད་ཕྱོགས་གཉིས་པོའི་རུ་མིས་རང་ཕྱོགས་ལ་སྤོ་ལོ་བརྒྱུད་སྤྲོད་དང་ཁ་གཏད་ཕྱོགས་ལ་འགོག་སྲུང་ནན་པོ་བྱེད་པ་སོགས་འགྲན་བསྡུར་འཁྲུག་ཆ་དོད་པོ་ཞིག་བྱས་ཡོད། མཐར་བསྡུར་གྲངས ༤༣ དང་ ༣༤ ཡི་ཐོག་ནས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས།  ད་ཐེངས་ཀྱི་ལན་ཆིའུ་སྤོ་ལོའི་མཛའ་མཐུན་འགྲན་བསྡུར་དེ་ནིཀྲུང་གོ་བ་ཇོ་མོ་གླང་མའི་རི་རྩེར་ཐོག་མར་འཛེགས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་བ་དང་བོད་ལྗོངས་རི་འཛེག་རུ་ཁག་བཙུགས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བའིབྱེད་སྒོའི་གྲས་ཤིག་ཡིན་པ་དང་།  དེའི་དམིགས་ཡུལ་ནི ༢༠༢༠ ལོར་ཇོ་མོ་གླང་མའི་མཐོ་ཚད་ཚད་ལེན་ལེགས་སྒྲུབ་བྱུང་བར་རྟེན་འབྲེལ་ཞུ་ཆེད་དང་།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུདང་ཀྲུང་གོ་རི་འཛེག་རུ་ཁག  རྒྱལ་ཁབ་ཚད་ལེན་རུ་ཁག་དང་པོ་བཅས་དབར་སྤེལ་རེས་དང་མཛའ་གཅུགས་མཐུན་ལམ་རྒྱ་ཆེར་གཏོང་ཆེད་ཡིན།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]