སྨན་བཅོས་ཞབས་ཞུ་སྒྲུབ་ནས་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-06-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༡༨ ནས ༢༦ ཉིན་བར།  གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཏང་ཨུད་ཆབ་སྲིད་ཞིབ་འཇུག་ཁང་གི་ཁག་དགུ་པའི་ལས་དོན་རུ་ཁག་གི་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད།  སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་ཨང་བཞི་པ་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ལྔ།  དེ་བཞིན་གསོ་རིག་སློབ་གླིང་གི་སློབ་མ ༡༣ ལས་གྲུབ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པས།  ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཤེ་སྒེར་ཤང་དུགནད་འཕིགས་སྨན་བཅོས་དབུལ་སྐྱོར་དང་དབུལ་གྲོལ་འགག་སྒྲོལལ་རམ་འདེགས་བྱེད་པའི་བྱེད་སྒོ་སྤེལ་བས།  ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་རྣམས་རང་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུ་དང་ཕན་འབྲས་བཟང་པོ་ཐོཐུབ་རྒྱུ་འགན་ལེན་བྱ་ཆེད།  ལྗོངས་ཏང་ཨུད་ཆབ་སྲིད་ཞིབ་འཇུག་ཁང་དང་དཔལ་མགོན་རྫོང་ཨུད་དང་རྫོང་སྲིད་གཞུང་།  ཤེ་སྒེར་ཤང་ཏང་ཨུད་དང་སྲིད་གཞུང་།  གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་སྲིད་དོན་ཞིབ་འཇུག་ཁང་གི་ལས་དོན་རུ་ཁག་བཅས་ཀྱིས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པར་བཟའ་སྡོད་དང་མོ་ཊ།  མི་སྣ་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུ་འགན་ལེན་ཧུར་ཐག་བྱས་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]