མངའ་རིས་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་འགག་སྒྲོལ་དུས་མཚམས་སུ་སླེབས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མངའ་རིས་དྲ་སྦྲེལ་ལས་གྲྭ་ནི་རྒྱལ་ཁབ་གློག་དྲས་མཚོ་བོད་དྲ་སྦྲེལ་ལས་གྲྭ་དང་ཁྲོན་བོད་དྲ་སྦྲེལ་ལས་གྲྭ  བོད་དབུས་རྒྱུད་དྲ་སྦྲེལ་ལས་གྲྭ་བཅས་ཀྱི་རྗེས་སུ་ས་བབ་མཐོ་སར་འཛུགས་སྐྲུན་བྱས་པའི་གློག་དྲའི་ལས་གྲྭ་ཨང་བཞི་པ་དེ་ཡིན་ཞིང་།  དེང་སྐབས་ལས་གྲྭ་དེ་འགག་སྒྲོལ་དུས་མཚམས་སུ་སླེབས་པས་ལས་བཟོ་པ་ཡོངས་ནས་དུས་ཚོད་དམ་འཛིན་ངང་ཨར་སྐྲུན་བྱེད་བཞིན་ཡོད།  མངའ་རིས་དྲ་སྦྲེལ་ལས་གྲྭ་དེ་བོད་དབུས་རྒྱུད་ཀྱི་གཞིས་རྩེ་གྲོང་ཁྱེར་ནས་འགོ་ཚུགས་ཏེ་མངའ་རིས་ས་ཁུལ་སྒར་རྫོང་བར་ཡིན་པ་དང་།  ཆ་སྙོམས་ས་བབ་མཐོ་ཚད་སྨི ༤༥༧༢ ཟིན་ཞིང་སྤྱིའི་རིང་ཚད་ལ་སྤྱི་ལེ ༡༦༨༩ ཡོད་པ་དང་ལས་གྲྭ་དེར་ཁྱོན་མ་འཇོག་སྒོར་དུང་ཕྱུར ༧༤.༠༦ བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  མངའ་རིས་དྲ་སྦྲེལ་ལས་གྲྭ་སྐྲུན་ཟིན་རྗེས་གློག་དྲ་ཆེ་མོ་དེ་ལམ་རྒྱུད་ཀྱི་སྤུ་ཧྲེང་དང་སྒེར་རྩེ།  མཚོ་ཆེན།  སྐྱིད་རོང་སོགས་རྫོང་ ༧ དུ་ཁྱབ་ནས།  གཞིས་རྩེའི་ནུབ་རྒྱུད་དང་མངའ་རིས་ས་ཁུལ་གྱི་གློག་མཁོ་འདོན་འགན་ལེན་ནུས་ལྡན་ཐུབ་རྒྱུ་དང་།  མང་ཚོགས་ཁྲི་ཚོ ༣༨ ལྷག་ཙམ་གྱི་གློག་གི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་རྒྱུ་རེད།

 

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]