རང་ལྗོངས་ཚན་པ་ཁག་ནས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་༩༩འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༩༩ འཁོར་བའི་ལོ་ཞིག་ཡིན་པ་དང་།  བདུན་པའི་ཚེས་གཅིག་ཉིན་གྱི་ཏང་འཛུགས་དུས་ཆེན་ལ་བསུ་བ་ཞུ་ཆེད།  ཉེ་དུས།  རང་ལྗོངས་ཚན་པ་ཁག་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཤིང་།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་རྒྱུ་དང་།  ནམ་ཡང་ལྷོད་གཡེང་མི་གཏོང་བའི་སྙིང་སྟོབས་ལ་བརྟེན་ནས་དབུལ་གྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ།  དེ་བཞིན་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་རྒྱུ་བཅས་ཀྱི་སྐུལ་མ་བཏང་ཡོད།

ལྷ་སའི་ཉེན་སྲུང་ཁུལ་གྱི་པུའུ་ག་གེ་མོ་ཞིག་གིས་གསར་བརྗེའི་གཏམ་རྒྱུད་གླེང་བ་དང་

ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ཁོར་ཡུག་སྲུང་སྐྱོང་གི་

བརྗོད་དོན་གཙོ་བོར་བྱས་ནས་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ།

རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྷུན་གྲུབ་རྫོང་དུ་ཏང་གཤིས་སློབ་གསོ་དང་ལེན་བྱས།

ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་

བྱས་ནས་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱས།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]