གཞི་རིམ་གྱི་སྒྱུ་རྩལ་ཚོགས་པའི་ལེ་ཚན་གཙོ་སྐྱོང་བར་སྦྱོང་བརྡར་ཡག་པོ་ཞིག་སྤྲད་འདུག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༣༠ ཉིན།  ལྗོངས་ཡོངས་ཀྱི་རྫོང་༼ཆུས༽ཁག་གི་སྒྱུ་རྩལ་ཚོགས་པའི་ལས་དོན་པ ༨༢ ལྷ་སར་འཛོམས་ནས།  རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་འགན་འཁུར་བའི་ལྗོངས་ཡོངས་ཀྱི་རྫོང་༼ཆུས༽ཁག་གི་སྒྱུ་རྩལ་ཚོགས་པའི་ལེ་ཚན་གཙོ་སྐྱོང་པའི་སྤྱི་ལོ ༢༠༢༠ ལོའི་ལས་སྒོའི་སྦྱོང་བརྡར་ནང་ཞུགས་པ་རེད།
ད་ཐེངས་སྦྱོང་བརྡར་བརྒྱུད་གཞི་རིམ་གྱི་གཙོ་སྐྱོང་པའི་ཆེད་ལས་ཆུ་ཚད་དང་རིག་གཞུང་བྱང་ཚད་མཐོ་རུ་གཏོང་བ་དང་།  གཞི་རིམ་རིག་གནས་སྒྱུ་རྩལ་དཔུང་ཁག་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས།  བོད་ཀྱི་མང་ཚོགས་ཀྱི་རིག་གནས་སྒྱུ་རྩལ་རྒྱུན་ཆད་མེད་པར་དར་རྒྱས་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགན་འཁུར་བ་དབྱངས་ཅན་སྒྲོལ་དཀར་ནས།  སློབ་མ་ཚོས་གོ་སྐབས་ལ་གཅེས་སྤྲས་དང་སློབ་སྦྱོང་ནན་ཏན་བྱས་ཏེ་སྦྱངས་པའི་ཆེད་ལས་ཀྱི་རིག་གཞུང་དང་ལག་ལེན་གྱི་ཤེས་བྱ་གྲོང་ཁྱེར༼ས་ཁུལ༽ཁག་གི་རིག་རྩལ་ལས་དོན་ཁྲོད་དེ་བས་ལེགས་པའི་སྒོ་ནས་བེད་སྤྱོད་ཐུབ་པའི་ཐུགས་རེ་གནང་།
ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་སྦྱོང་བརྡར་དུས་ཡུན་ཉིན ༧ ཡིན་པ་དང་།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ ༡༠ གདན་འདྲེན་ཞུས་ནས།  སློབ་མ་ཚོར་སྐད་བརྡའི་རྨང་གཞི་དང་བསམ་གཞིགས་སྦྱོང་བརྡར་སོགས་ནང་དོན་ཕུན་སུམ་ཚོགས་པའི་སློབ་ཚན ༡༠ འཆད་ཁྲིད་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]