ནོར་བུ་གླིང་གའི་ཉམས་གསོའི་རྣམ་གྲངས་ཡོངས་དུས་སང་སྤྱི་ཟླ་བཅུ་པར་མཇུག་སྒྲིལ་བཟོ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ན་ནིང་སྤྱི་ཟླ་ལྔ་པ་ནས་བཟུང་།  འཛམ་གླིང་ཤུལ་བཞག་རིག་གནས་གྲས་ཤིག་ཡིན་པའི་ནོར་བུ་གླིང་གར་ཕྱོགས་ཡོངས་ནས་ཉམས་གསོ་བྱས་ཚུན།  དེང་སྐབས་ལས་གཞིའི་སྤྱི་འབོར་གྱི་བརྒྱ་ཆ ༦༠ ལེགས་སྒྲུབ་ཟིན་ཡོད་པ་དང་རྣམ་གྲངས་ཧྲིལ་པོ་སྤྱི་ལོ ༢༠༢༡ ལོའི་ཟླ་བཅུ་པར་ལས་མཇུག་སྒྲིལ་ཐུབ་བཟོ་ཡོད།
ནོར་བུ་གླིང་གའི་གྲུ་འཛིན་ཕོ་བྲང་དུ་ཏུན་ཧོང་ཞིབ་འཇུག་ཁང་རིག་དངོས་སྲུང་སྐྱོབ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་ལྡེབས་རིས་ཀྱི་པར་མཉམ་འདུས་བྱེད་བཞིན་ཡོད་པ་དང་།  ལས་གཞིའི་འབྲེལ་ཡོད་འགན་འཁུར་བས་ང་ཚོས་སྔོན་ལ་ཁུལ་དབྱེའི་པར་ལེན་བྱེད་པ་དང་དེ་རྗེས་མཉམ་འདུས་བྱས་ནས CAD མཉེན་ཆས་ནང་བཅུག་སྟེ།  ཡིག་ཚགས་བཟོས་ཡོད་པས་དཔྱད་གཞི་འཐུས་སྒོ་ཚང་དུ་ཕྱིན་ཡོད་ཅེས་བཤད།

རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཞིག་ཡིན་པའི་ནོར་བུ་གླིང་གར་སྐལ་བཟང་ཕོ་བྲང་དང་སྤྱན་བསལ་ཕོ་བྲང་།  རྟག་བརྟན་མི་འགྱུར་ཕོ་བྲང་སོགས་ཡོད་པ་དང་།  ཕོ་བྲང་ཚང་མའི་ནང་ལྡེབས་རིས་མང་པོ་ཡོད།  ནོར་བུ་གླིང་གའི་རིག་དངོས་ཁོའོ་ཡི་ཁོའོ་ཀྲང་སྤེན་པ་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན།  ནོར་བུ་གླིང་གའི་ལྡེབས་རིས་དེ་དག་ནི་དུས་རབས ༡༨ པ་ནས ༢༠ ཡི་བར་སྨན་ཐང་ལུགས་ཀྱི་ཕུལ་བྱུང་བརྩམས་བྱ་རྩེ་གྲ་ཤ་སྟག་ཡིན་པ་དང་།  ལྡེབས་རིས་ཐོག་འགྲོ་བ་མིའི་རིགས་འབྱུང་ཚུལ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་བར་གྱི་སྐོར་བཀོད་ཡོད་ལ།  ལྷག་པར་དུ་སྤྱན་བསལ་ཕོ་བྲང་གི་ལྡེབས་རིས་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་རྒྱ་ནག་དང་སྤེལ་རེས་བྱེད་ཚུལ་གསལ་པོ་བཀོད་ཡོད།  ཕོ་བྲང་དེ་དག་བཞེངས་ནས་ལོ་མང་པོ་ཕྱིན་པའི་ཁར་ས་ཡོམ་དང་ཆར་ཆུ་སོགས་ཀྱིས་རྐྱེན་པས་ལྡེབས་རིས་ཁོག་སྟོང་ཆགས་པ་དང་།  སེར་ཁ་གས་པ་སོགས་ཀྱི་གནད་དོན་ཐོན་ཡོད་པས་ད་ཡོད་ཀྱི་ལྡེབས་རིས་ལ་སྲུང་སྐྱོབ་སྔར་བས་ལེགས་པ་བྱ་ཆེད།  སྤྱི་ལོ ༢༠༡༧ ལོར་ཀྲུང་དབྱང་ནས་སྒོར་ཁྲི་ཚོ ༢༨༤ གཤམ་སྤྲོད་བྱས་ཏེ།  ཏུན་ཧོང་ཞིབ་འཇུག་ཁང་རིག་དངོས་སྲུང་སྐྱོབ་ལག་རྩལ་ཞབས་ཞུ་ལྟེ་གནས་ལ་ཉམས་གསོ་བྱེད་དུ་བཅུག་ཡོད། 

ནོར་བུ་གླིང་གའི་ལྡེབས་རིས་སྲུང་སྐྱོབ་ཉམས་གསོའི་ལས་དོན་སྤེལ་སྐབས།  སྲུང་སྐྱོབ་གཙོ་བོར་འཛིན་པ་དང་མྱུར་སྐྱོབ་ཨང་དང་པོར་འཇོག་པ།  བེད་སྤྱོད་ལུགས་མཐུན་བྱེད་པ།  དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་བྱ་ཐབས་ལ་ནན་པོར་གཞིགས་ཏེ།  ལོ་རྒྱུས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་ནས་ཉར་ཚགས་དང་རྒྱུན་མཐུད་ཐུབ་པ་བྱེད་བཞིན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་རྟག་བརྟན་མི་འགྱུར་ཕོ་བྲང་དང་སྤྱན་བསལ་ཕོ་བྲང་།  སྐལ་བཟང་ཕོ་བྲང་སོགས་ཕོ་བྲང་གི་ལྡེབས་རིས་སྲུང་སྐྱོབ་ཉམས་གསོའི་ལས་དོན་ལེགས་སྒྲུབ་ཟིན་པ་དང་།  ཉམས་གསོ་བྱེད་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ ༦༠༠ ལྷག་ཙམ་ཟིན་གྱི་ཡོད་ཅིང་།  རྣམ་གྲངས་ཧྲིལ་པོ་དུས་སང་སྤྱི་ཟླ་བཅུ་པར་ལས་མཇུག་སྒྲིལ་ཐུབ་བཟོ་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]