ཡར་འབྲོག་གཡུ་མཚོ་སྐོར་བའི་ད་ལོའི་རྐང་འཁོར་འགྲན་བསྡུར་དེ་སྤྱི་ཟླ༩པའི་ཚེས༨ཉིན་སྤེལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཡར་འབྲོག་གཡུ་མཚོ་སྐོར་བའི་སྤྱི་ལོ ༢༠༢༠ ལོའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་དེ་སྤྱི་ཟླ ༧ པའི་ཚེས ༥ ནས ༣༡ ཉིན་བར་མིང་ཐོ་འགོད་རྒྱུ་ཡིན་པ་དང་།  སྤྱི་ཟླ ༩ པའི་ཚེས ༨ ནས ༡༣ ཉིན་བར་དུས་ཡུན་ཉིན ༦ གི་འགྲན་བསྡུར་བྱ་རྒྱུ་རེད།  ཡར་འབྲོག་གཡུ་མཚོ་སྐོར་ཐེངས་གཅིག་གི་ལམ་ཐག་ཧྲིལ་པོར་སྤྱི་ལེ ༢༦༨ ཡོད་པ་དང་།  འགྲན་བསྡུར་འགོ་འཛུགས་ས་དང་མཇུག་འགྲིལ་ས་ནི་སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་དུ་ཡིན་པ་དང་།  འགྲན་བསྡུར་གྱི་བྱ་དགའི་དངུལ་སྒོར་ཁྲི ༢༢ ཙམ་ཟིན་གྱི་ཡོད།

ཡར་འབྲོག་གཡུ་མཚོ་སྐོར་བའི་སྤྱི་ལོ ༢༠༢༠ ལོའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་དེ་སྤྱི་ལོ ༢༠༢༠ ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོའི་གྲས་ཤིག་ཡིན་པ་མ་ཟད།  ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་དང་ལུས་རྩལ་ལས་རིགས་གཉིས་མཉམ་འདྲེས་བྱས་ནས་ཡུལ་སྐོར་ལས་རིས་མགྱོགས་མྱུར་འཕེལ་རྒྱས་གཏོང་སྟངས་ཤི་དང་དོན་དངོས་བྱ་ཐབས་ཤིག་རེད་ལ།  རིག་གནས་དང་སྐྱེ་ཁམས།  ལུས་རྩལ་བཅས་གཞི་གཅིག་ཅན་དང་།  གངས་ལྗོངས་ཀྱི་བོད་ལྗོངས་དང་བོད་མིའི་འབྱུང་ཁུངས་ལྷོ་ཁའི་གདོད་མའི་སྐྱེ་ཁབས་ཕྱོགས་ཡོངས་ནས་མངོན་པའི་འགྲན་བསྡུར་ཞིག་ཀྱང་རེད།།

ངོ་སྤྲོད་བྱས་པར་གཞིགས་ན།  ས་གནས་ཁག་གི་བདམས་ཐོན་པར་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པའི་འགྲན་ཞུགས་ཀྱི་ཉམས་ལེན་གང་ཡག་ཐུབ་ཆེད།  འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ།  འགྲན་ཞུགས་པར་ཁ་རས་སྤྲོད་པ་དང་ལུས་དྲོད་འཇལ་བ།  གཙང་སྦྲ་དང་དུག་སེལ་བྱེད་པ།  དེ་བཞིན་བདེ་ཐང་ཨང་རྟགས་བཤེར་བ་སོགས་ཀྱི་ལས་དོན་ཞིབ་ཚགས་སྤེལ་རྒྱུ་རེད།  བོད་ལྗོངས་ལྷོ་ཁའི་ཡུལ་སྐོར་སྐད་འཕྲིན་སྤྱི་རྟགས་བརྒྱུད་འགྲན་བསྡུར་གྱི་ཞིབ་ཕྲའི་ཆ་འཕྲིན་འཚོལ་བཤེར་ཐུབ་ཀྱི་ཡོད།།

 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]