རང་ལྗོངས་སུ་སྤྱི་ལོ༢༠༢༠ལོའི་མཐོ་རྒྱུགས་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བདུན་པའི་ཚེས ༧ ཉིན།  སྤྱི་ལོ ༢༠༢༠ ལོའི་མཐོ་རྒྱུགས་དངོས་སུ་འགོ་ཚུགས་ཤིང་།  ལྗོངས་ཡོངས་སུ་རྒྱུགས་ཁུལ ༡༠ དང་ཡིག་རྒྱུགས་ས་ཚིགས ༣༢ ལ་རྒྱུགས་ར ༡༡༦༢ བཀོད་སྒྲིག་བྱས་ཡོད།  རྒྱུགས་ར་ཡོངས་རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་ཚད་ལྡན་ཅན་གྱི་ས་ཚིགས་ལྟར་ཡིག་རྒྱུགས་ལྟ་ཞིབ་དང་ཡིག་རྒྱུགས་ལས་དོནམི་སྣ ༦༠༠༠ ལྷག་ཙམ་བཀོད་སྒྲིག་བྱས་ཡོད།  

ཤེས་རྟོགས་བྱུང་བར་གཞིགས།  ད་ལོ་རང་ལྗོངས་སུ་ཁྱོན་རྒྱུགས་སྤྲོད་སློབ་མ ༣༢༩༧༣ ༼ ཁ་གཏད་མཐོ་རིམ་ལས་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་ཚུད་མེད༽གྱིས་མིང་ཐོ་བཀོད་ཅིང་།  དེའི་ཁྲོད་སྤྱིར་བཏང་གི་རྒྱུགས་སྤྲོད་སློབ་མ ༣༡༩༣༩ དང་།  དམག་མི་དང་ཉེན་རྟོག་པར་རྒྱུགས་སྤྲོད་བྱེད་མཁན་སློབ་མ ༡༠༣༤ ཡོད།  ལྷག་པར་དུ་ད་ལོའི་མཐོ་རྒྱུགས་ནང་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ ༡༧ ཡོད་པའི་ཁྲོད།  ལོང་ཡིག་སྤྱད་དེ་རྒྱུགས་སྤྲོད་མཁན་གྱི་སློབ་མ ༢ ཡོད་པ་རེད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]