ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ལས་མི་གདན་ཞུའི་འདུ་ཚོགས་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་ཐོན་པ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད།  སྤྱི་ཟླ་བདུན་པའི་ཚེས ༨ ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནས་དེ་སྔའི་ལྷ་སའི་གྲོང་མི་ཞབས་ཞུ་ལྟེ་གནས་ཐང་ཆེན་དུ་ལས་མི་གདན་ཞུའི་འདུ་ཚོགས་སྐབས་དྲུག་པ་གཉེར་བ་རེད།

ད་ཐེངས་ཀྱི་ལས་མི་གདན་ཞུའི་འདུ་ཚོགས་སུ་ཁེ་ལས ༥༢ ཞུགས་ཡོད་པ་དང་།  དེའི་ཁྲོད་ཀྲུང་དབྱང་ཁེ་ལས ༣ དང་གཞུང་ཁོངས་ཁེ་ལས ༥  ཁྲོམ་རའི་ཁེ་ལས ༤  དམངས་གཉེར་ཁེ་ལས ༤༠  བཅས་ཀྱིས་ལས་གནས ༡༢༤༥ མཁོ་འདོན་བྱས་ཡོད་པ་དེ་དག་རྩིས་པ་དང་དྲུང་ཡིག  དངུལ་གཉེར།  ཚད་ལེན་སོགས་ཀྱི་ཆེད་ལས་དང་འབྲེལ་བ་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ཉིན་དེའི་ལས་མི་གདན་ཞུའི་འདུ་ཚོགས་ཁྲོད་ཁྱོན་མི ༡༨༠༠ ལྷག་ཙམ་ས་གནས་ས་ཐོག་གི་ངོ་རྒྱུགས་ནང་ཞུགས་པ་དང་།  ལས་ཀ་འཚོལ་མཁན་གྱི་ལོ་རྒྱུས་མདོར་བསྡུས ༨༣༡ བསྡུས་པ་དང་།  ས་གནས་ས་ཐོག་ཏུ་མི ༤༧ ངོ་རྒྱུགས་འཕྲོད་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]