རང་ལྗོངས་སུ་ཁུལ་གསུམ་ཁོངས་གསུམ་གྱི་ཤིན་ཏུ་དབུལ་བའི་ས་གནས་ཀྱི་གློག་དྲ་འཛུགས་སྐྲུན་བྱས་ཟིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་སུ་ཁུལ་གསུམ་ཁོངས་གསུམ་གྱི་ཤིན་ཏུ་དབུལ་བའི་ས་གནས་ཀྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་ཏེ།  རང་ལྗོངས་ཀྱི་རྫོང་ ༦༩ ཡི་ཤང་༼གྲོང་རྡལ༽ ༣༥༠ ཡི་གྲོང་ཚོ ༤༨༦༠ ལ་ཕན་པ་ཐོབ་པ་དང་།  དུད་ཁྱིམ་ཁྲི་ཚོ ༢༣ གྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ ༦༧.༢ ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་དང་ལེགས་བཅོས་ཐུབ་ཡོད་ལ།  རང་ལྗོངས་ཁུལ་གྱི་གློག་དྲའི་སྒྲོམ་གཞིའི་གྲུབ་ཆ་ཞན་པ་དང་གློག་ནུས་མི་འདང་བའི་གནད་དོན་ལེགས་བཅོས་ནུས་ལྡན་དང་།  ཞིང་འབྲོག་ཁུལ་དུ་གློག་མེད་པའི་འགལ་བ་དང་གློག་སྤྱོད་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་ནས།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་ཆེད་སྲ་ཞིང་བརྟན་པའི་གློག་ཤུགས་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས།  རང་ལྗོངས་སུ་ཁུལ་གསུམ་ཁོངས་གསུམ་གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭ་དེ་སྤྱི་ལོ ༢༠༡༨ ལོའི་ཟླ་བཅུ་གཉིས་པར་སྐྲུན་འགོ་ཚུགས་པ་དང་།  སྤྱི་ལོ ༢༠༢༠ ལོའི་ཟླ་དྲུག་པའི་ཚེས ༢༨ ཉིན་ལས་གཞི་ཡོངས་མཇུག་སྒྲིལ་བ་དང་རྣམ་གྲངས ༢༡༤ ལ་ཁྱོན་སྒོར་དུང་ཕྱུར ༩༧.༧༥ བཏང་ཡོད།  གསར་སྐྲུན་དང་བསྒྱུར་བཀོད་བྱས་པའི་གཙོ་བོའི་གློག་སྐུད་ཀྱི་རིང་ཚད་སྤྱི་ལེ་ཁྲི ༡.༩ ཟིན་པ་དང་།  གློག་བསྒྱུར་ས་ཚིགས ༡༠༩ དང་དམའ་གནོན་གློགས་ཤུགས་སྟེགས་ཁུལ ༣༧༠༠ ལྷག་ཙམ་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]