ལྷ་སར་བཟའ་བཅའི་བདེ་འཇགས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ལྷ་ས་གྲོང་ཁྱེར་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས ༢༨ ཀྱིས་མཉམ་འབྲེལ་ཐོག  བར་སྐོར་ཚོང་གྲོང་དུ་བཟའ་བཅའི་བདེ་འཇགས་འགན་སྲུང་བྱ་རྒྱུ་མི་ཚང་མར་འགན་འཁྲི་ཡོད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་བཟའ་བཅའི་བདེ་འཇགས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོར་དྲ་ཐོག་དང་དྲ་འོག་གི་རྣམ་པ་སྤྱད་དེ་ཟས་རིགས་བདེ་འཇགས་ཀྱི་གནས་བབ་བརྡ་ཁྱབ་གཏོང་བ་དང་།  སྤྱི་ཕན་བརྡ་ཁྱབ་གཤམ་སྤྲོད།  ཤེས་བྱའི་དྲིས་ལན་འདེབས་པ་དང་།  འགྲེམས་སྟེགས་དང་འགྲེམས་པང་སྒྲིག་སྦྱོར་དང་ས་གནས་ས་ཐོག་གི་བློ་འདྲི།  བདེ་འཇགས་ལྡན་པའི་བཟའ་བཅའ་འགྲེམས་སྟོན།  དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ།  གྲོང་མི་མང་ཚོགས་ལ་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཚན་རིག་ཁྱབ་གདལ་གྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ཏེ།  གྲོང་མི་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དང་དེར་ཞུགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས།  བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་དང་རྒྱ་ཆེའི་གྲོང་མི་མང་ཚོགས་ཐུན་མོང་ཐོག་བཟའ་བཅའི་བདེ་འཇགས་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཉིན་དེའི་བྱེད་སྒོར་འགྲེམས་སྟེགས ༣༠ བཙུགས་པ་དང་འགྲེམས་པང་ ༨༥ འགྲེམས་སྟོན་བྱས་ཡོད་ལ།  ད་དུང་ཟས་རིགས་བདེ་འཇགས་ཀྱི་འབྲེལ་ཡོད་དཔྱད་གཞི ༦༠༠༠ ལྷག་ཙམ་དང་།  དྲིལ་བསྒྲགས་པར་དེབ་དང་གསལ་བརྡ ༢༥༠༠ དེ་བཞིན་དྲིལ་བསྒྲགས་མཁོ་ཆས་ཁག ༡༧༠༠ བཅས་སྤྲད་པ་མ་ཟད།  གྲོང་མི་མང་ཚོགས་མི་ཐེངས ༥༠༠ ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]