ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཐད་རམ་འདེགས་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  གསར་འགོད་པས་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ ༦ ཚེས ༣༠ ཉིན་བར་རིམ་རྩིས་བརྒྱབ་ན་དངུལ་ཁང་དེས་དངོས་གཞིའི་དངུལ་བུན་སྒོར་དུང་ཕྱུར ༣༢༧.༢ བཏང་དེ་ལོ་འགོ་བསྡུར་ནས་སྒོར་དུང་ཕྱུར ༡༠༩.༢༡ འཕར་ནས་འཕར་ཚད་བརྒྱ་ཆའི་གྲངས ༡༢.༠༥ ཟིན་པ་དང་།  དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་སྟོང་ལས་འགག་སྒྲོལ་བྱུང་སྟེ་སྒོར་དུང་ཕྱུར ༡༠༡༥.༧༢ ཟིན་ཡོད་པས།  ཡིད་རྟོན་དངུལ་བུན་ཞུ་མཁན་རིགས་ཁག་གི་དགོས་མཁོ་བསྐངས་ཐུབ་ཡོད་ལ།  རྒྱུན་མཐུད་ངང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ།  དེབ་ཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ ༦ པའི་ཚེས ༣༠ ཉིན་བར།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་གློག་ཤུགས་ཐོན་སྐྱེད།  ཨར་སྐྲུན་ལས་རིགས།  སྡེབ་ཚོང་དང་སིལ་ཚོང་ལས་རིགས།  གཏེར་ཁ་སྔོག་འདོན་ལས་རིགས་སོགས་ལས་རིགས་ཆེ་གྲས་ལྔར་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར ༤༣༡.༣༦ ཟིན་པ་དང་།  སྨན་རྫས་ཚོང་ཁང་དང་།  སློབ་གསོ།  ཐ་མག་ཚོང་ཁང་།  ཁང་པ་གཏའ་མར་འཇོག་མཁན།  ཚོགས་པ།  སྨན་བཅོས་ནད་གཡོག་སོགས་ལ་eདངུལ་བུན་དྲ་ཐོག་ནས་མི་སྒེར་ལ་བཏང་བ་དང་།  དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར ༥༡༧.༠༡ ཟིན་པ་དེས་རིགས་ཁག་གི་དངུལ་བུན་བཏང་བའི་ལྷག་གྲངས་ཀྱི་བརྒྱ་ཆའི་གྲངས ༥༡.༧ བཟུང་ཡོད།  རིམ་རྩིས་བརྒྱབ་པར་གཞིགས་ན།  ཁེ་ལས་ཆུང་གྲས་དང་དམངས་གཉེར་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར ༥༥.༧༨ བཏང་བ་དང་།  ཞིང་དར་དང་ཞིང་ཕན།  ཞིང་ཕྱུག་བཅས་གཙོ་རྐང་དུ་བྱས་པའི་ཞིང་གསུམ་ཁྲོད་མི་སྒེར་ལ་དངུལ་བུན་སྒོར་དུང་ཕྱུར ༡༠༦.༧༨ བཏང་ཡོད་པ་རེད།

གཞན་ཡང་།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་སྡེབ་ཚོང་དང་སིལ་ཚོང་།  མགྲོན་ཁང་དང་བཟའ་བཏུང་།  དངོས་ཟོག་སྐྱེལ་འདྲེན།  རིག་གནས་ཡུལ་སྐོར་སོགས་ལས་རིགས་ལ་དངུལ་རྩའི་གཟིགས་སྐྱོང་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱས་ནས།  རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཡིད་རྟོན་དངུལ་བུན་ཞབས་ཞུའི་ཆེད་དོན་སྔོན་ཇུས་བཟོས་ཡོད་ལ།  ཡིད་རྟོན་དངུལ་བུན་གྱི་མ་དངུལ་མཁོ་སྤྲོད་དང་།  རིགས་དབྱེའི་གནད་འཕིགས་རོགས་སྐྱོར།  དང་ལེན་མགྱོགས་མྱུར་ལམ་སྲོལ་སོགས་ལ་རྗེས་སྙེག་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད།  ད་དུང་མ་དངུལ་རྒྱབ་སྐྱོར་དང་ཆེད་དོན་རོགས་སྐྱོར་གྱི་བྱ་ཐབས་ཁག་ནུས་ལྡན་ངང་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་ཡང་བྱས་ཡོད།  སྤྱི་ཟླ ༦ པའི་ཚེས ༣༠ ཉིན་བར་དངུལ་ཁང་དེས་རིམས་ནད་འགོག་ཟོན་གྱི་གཙོ་གནད་རྒྱབ་སྐྱོར་བྱེད་མཁན་གྱི་དུས་ཐེངས ༦ གི་མིང་ཐོ ༧༢ གྲུབ་ཅིང་།  དེའི་ཁྲོད་གཙོ་གནད་རྒྱབ་སྐྱོར་ཁེ་ལས ༢༤ ལ་རིམས་ནད་འགོག་ཟོན་གྱི་འབྲེལ་ཡོད་དངུལ་བུན་སྒོར་དུང་ཕྱུར ༡༤.༧༥ བཏང་བ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]