ལྗོངས་ནཌ་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིཌ་བསལ་ལས་སྒྲུབ་རུ་ཆེན་གྱི་རོཌ་སྐྱོབ་ནུས་པ་སྔར་བས་ཆེ་རུ་ཕྱིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༢༧ ཉིན།  བོད་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས་གཅིག་བསྡུས་ཐོག་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་འཐབ་འཛིང་པ་ཡོངས་ལ་འཕྲལ་སྡོམ་མྱུར་སྐྱོབ་གསོ་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ཁྲོད་མྱུར་སྐྱོབ་ཤེས་བྱ་འཆད་ཁྲིད་དང་རྩལ་ནུས་བཀོལ་སྤྱོད་ཟུང་འབྲེལ་བྱས་ཏེ།  རྒྱ་གྲམ་དམར་པོ་ཚོགས་པའི་དགེ་རྒན་གྱིས་གཙོ་གནད་ཐོག་རྒྱ་གྲམ་དམར་པོའི་རྨང་གཞིའི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་།  རྨས་སྐྱོན་མྱུར་སྐྱོབ་ལག་རྩལ་ཆེན་པོ་བཞི་དང་གློ་སྙིང་སླར་གསོའི་ལག་རྩལ།  དབུགས་ལམ་འགག་པ་མྱུར་སྐྱོབ་ཀྱི་རྩལ་ནུས།  གློ་བུར་དུ་ཐོན་པའི་སྨས་སྐྱོན་མྱུར་སྐྱོབ་བྱ་ཐབས་སོགས་ཀྱི་ཤེས་བྱ་ཚུད་ཡོད།

གསོ་སྦྱོང་བྱས་པ་བརྒྱུད་བཀོད་འཐབ་པ་ཚོས་འཕྲལ་སྡོམ་སྲོག་སྐྱོབ་ཀྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་།  གློ་བུར་དུ་ཐོན་པའི་དོན་རྐྱེན་དང་བསམ་ཡུལ་ལས་འདས་པའི་གནོད་འཚེར་རོགས་སྐྱོབ་ཀྱི་རྩ་དོན་དང་།  དེ་བཞིན་རྒྱུན་མཐོང་གི་ནད་གཞི་ཚབ་ཆེན་ལ་མྱུར་སྐྱོབ་བྱ་ཐབས་དང་བཀོལ་སྤྱོད་བྱེད་སྟངས་ཤེས་རྟོགས་བྱུང་སྟེ།  གློ་བུར་དུ་ཐོན་པའི་དོན་རྐྱེན་དང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]