ད་ལོའི་ཞོ་སྟོན་གྱི་བྱེད་སྒོའི་བཀོད་སྒྲིག་འདི་ལྟར་བྱས་འདུག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ པའི་ཚེས ༣ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ད་ལོའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་།  གསར་འགོད་པཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཞོ་སྟོན་དེ་སྤྲོ་སྣང་གི་ཞོ་སྟོན་དང་བདེ་ཐང་གི་ལྷ་སཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྤྱི་ཟླ ༨ པའི་ཚེས ༡༩ ཉིན་ནས་ཚེས ༢༥ ཉིན་བར་ལྷ་སར་གཉེར་རྒྱུ་རེད།  ཞོ་སྟོན་རིང་འགོ་ཚུགས་མཛད་སྒོ་དང་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན།  བོད་ཀྱི་མིག་མངས་རོལ་རྩེད།  གནམ་མཚོའི་རྐང་ཐང་འདུ་ཚོགས་སོགས་བྱེད་སྒོ་ཆེ་གྲས ༩ སྤེལ་རྒྱུ་རེད།  དེ་སྔ་དང་བསྡུར་ན་་ལོའི་ཞོ་སྟོན་ལ་དམངས་ཕན་ཚོང་ཟོག་གཤམ་སྐྱོད་བྱེད་སྒོ་ཞིག་གསར་སྤེལ་བྱས་ཡོད།  ཞིབ་ཕྲའི་བྱེད་སྒོའི་བཀོད་སྒྲིག་གཤམ་གསལ་ལྟར།

ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་འདུ་ཚོགས་དང་གཅིག་བསྡུས་གན་འཇོག་མཛད་སྒོ

དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༡༨ ཉིན་གྱི་སྔ་དྲོ།

ས་ཆ།  ལྷ་ས་གནས་མཆོག་ལྷ་ཡུལ་གླིང་ཆེན་གསོལ་མགྲོན་ཁང་།
གོས་སྐུ་བཤམས་སྟོན།

དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༡༩ ཉིན་གྱི་སྔ་དྲོ།

ས་ཆ།  འབྲས་སྤུངས་དགོན་དང་སེར་ར་དགོན།
ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ
དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༡༩ ཉིན་གྱི་དགོང་དྲོ།

ས་ཆ།  ལྷོ་རིའི་སྐྱེ་ཁམས་སྤྱི་གླིང་།

མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱེད་སྒོ
དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༢༠ ཉིན་དང་ཚེས ༢༢ ཉིན།  ཚེས ༢༤ ཉིན་བཅས་ཀྱི་སྔ་དྲོ།  ལེ་ཚན་རེའི་འཁྲབ་སྟོན་གྱི་དུས་ཚོད་ཆུ་ཚོད་གཅིག་དང་ཕྱེད་ཀའི་ནང་ཚོད་འཛིན་བྱ་རྒྱུ།

ས་ཆ།  ལྷ་ས་བྱང་ཕྱོགས་རྟ་རྒྱུག་ཐང་།
སྲོལ་རྒྱུན་གྱི་ལྷ་མོ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ
དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༡༩ ཉིན་ནས་ཚེས ༢༥ ཉིན་བར།

ས་ཆ།  ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་།  པད་ནག་རོང་།  སྟག་གདོང་གྲོང་ཚོ།  ལྷ་ཀླུ་འདམ་ར་སྤྱི་གླིང་།  ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ།  ལྷ་ཡུལ་གླིང་ཆེན་གསོལ་མགྲོན་ཁང་ཐང་ཆེན།
བོད་ཀྱི་མིག་མངས་རོལ་རྩེད།
དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༡༩ ཉིན་ནས་ཚེས ༢༡ ཉིན་བར།

ས་ཆ།  རྫོང་རྒྱབ་ཀླུ་ཁང་།

གནམ་མཚོའི་རྐང་ཐང་འདུ་ཚོགས་སྐབས་བཞི་པ།

དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༢༠ ཉིན་ནས་ཚེས ༢༡ ཉིན་བར།

ས་ཆ།  འདམ་གཞུང་རྫོང་གི་གནམ་མཚོའི་འགྲམ།
གྲགས་ཅན་སྤུས་ལེགས་ཚོང་ཟོག་ཉོ་ཚོང་དང་འགྲེམས་ཚོང་བྱེད་སྒོ

དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༡༩ ཉིན་ནས་ཚེས ༢༥ ཉིན་བར།

ས་ཆ།  ལྷ་ཡུལ་གླིང་ཆེན་གསོལ་མགྲོན་ཁང་འགྲེམས་སྟོན་ལྟེ་གནས་ཐང་ཆེན།  ཨར་སྐྲུན་རྒྱུ་ཆ་ཉོ་ཚོང་ལྟེ་གནས་ཐང་ཆེན།  ནོར་བུ་གླིང་ཁ།  རྫོང་རྒྱབ་ཀླུ་ཁང་།  པད་ནག་རོང་།  སྟག་གདོང་གྲོང་ཚོ།  ལྷ་ཀླུ་འདམ་ར་སྤྱི་གླིང་།

དམངས་ཕན་ཚོང་ཟོག་གཤམ་སྐྱོད་བྱེད་སྒོ

དུས་ཚོད།  སྤྱི་ཟླ ༨ པའི་ཚེས ༢༠ ཉིན་ནས་ཚེས ༢༥ ཉིན་བར།

ས་ཆ།  འདམ་གཞུང་རྫོང་།  སྙེ་མོ་རྫོང་།  ལྷུན་གྲུབ་རྫོང་།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]