ནག་ཆུའི་ད་ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུགས་དུས་ཆེན་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན།  དབུལ་གྲོལ་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཅེས་པའི་བརྗོད་དོན་གཙོ་བོར་བྱས་པའི་ནག་ཆུའི་ད་ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུགས་སྒྱུ་རྩལ་དུས་ཆེན་ནག་ཆུ་གྲོང་ཁྱེར་དུ་གཏོང་འགོ་ཚུགས་པ་རེད།  འགོ་ཚུགས་མཛད་སྒོའི་ཐོག་གླིང་སྒྲུང་འཆད་གྱེར་དང༌།  མངོན་མིན་ཤུལ་བཞག་རིག་གནས་མྱོང་རོལ།  རིག་རྩལ་འཁྲབ་སྟོན་སོགས་བརྒྱུད་ནག་ཆུ་གྲོང་ཁྱེར་གྱིས་ཕྱར་བ་གྲུ་འདེགས་ངང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད།

ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུགས་སྒྱུ་རྩལ་དུས་ཆེན་ཐོག་མཉམ་ལས་ཁང་ ༧༠ ལྷག་ཙམ་གྱིས་དཀར་ཆུའི་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས།  རྩ་ཆེའི་བོད་སྨན་སོགས་ཐོན་རྫས་སྣེ་རིགས ༢༠༠ ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ཉིན་ལྔའི་རིང་གི་དུས་ཆེན་ཐོག་དབྱར་རྩྭ་དགུན་འབུ་འགྲེམས་སྟོན་དང་སྲོལ་རྒྱུན་རྟ་རྒྱུགས་འགྲན་བསྡུར།  ལུས་རྩལ་འགྲན་བསྡུར༌།  ཚོང་འགུགས་མ་འདྲེན།  རྣམ་གྲངས་ལ་མི་རྟགས་འགོད་པའི་བྱེད་སྒོ་སོགས་སྤེལ་རྒྱུ་རེད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]