ཨ་ལི་པཱ་པཱ་དང་བོད་ལྗོངས་ཚོང་འཕྲིན་ཚགས་པར་གྱིས་གཉེར་བའི་ཁོར་ཡུག་སྲུང་སྐྱོབ་གྱི་སྤྱི་ཕན་བྱེད་སྒོ་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཨ་ལི་པཱ་པཱ་དང་བོད་ལྗོངས་ཚོང་འཕྲིན་ཚགས་པར་གྱིས་མཉམ་འབྲེལ་ཐོག་གཉེར་བའི་སྤྱི་ལོ ༢༠༢༠ ལོའི་གཙང་ཆུའི་སྲུང་དམག ཡིད་དབང་འཕྲོག་པའི་རི་ཆུ་ཞེས་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤྱི་ཟླ ༩ ཚེས ༡༢ ཉིན་ལྷ་སར་སྤེལ་བ་རེད།

དེ་ཉིན་ཞོགས་པའི་ཆུ་ཚོད་བཅུ་པའི་ཐོག་བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་འགྱིག་ཤོག་འབག་བཙོག་བཀག་འགོག་མཐུན་ཚོགས།  ལྷ་ས་ནས་ཆུང་དང་བླངས་ཚོགས་པ་སོགས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་རུ་ཁག ༡༠ ཡིས་ལྷ་ཞབས་གླིང་ཕྲན་གྱི་ཤར་ངོས་པད་མའི་བརྐོས་བརྙན་སར་འཛོམས་རྗེས།  དཔུང་ཁག་རེ་རེས་ཆུ་དཔོན་གྱི་རྗེས་སུ་འབྲངས་ཏེ་ལྷ་ས་སྐྱིད་ཆུའི་ལམ་རྒྱུད་དུ་བསྐྱོད་ནས་ཆུ་སྐོར་བྱེད་སྒོ་སྤེལ་བ་དང་འབྲེལ་ལམ་རྒྱུད་ཀྱི་གད་སྙིགས་སྒྲུག་པ་དང་།  དོན་དངོས་བྱ་སྤྱོད་ཐོག་ནས་བོད་ཀྱི་དྭངས་གཙང་ཆུ་བོར་སྲུང་སྐྱོང་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་མི་དེ་བས་མང་བས་ཁོར་ཡུག་སྲུང་སྐྱོང་ལ་དོ་ཁུར་དང་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་ཏུ་འཇུག་རྒྱུ་དང་།  དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་ཐབས་བྱས་ནས།  མི་དེ་བས་མང་བ་མཉམ་དུ་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་ཏེ་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་པ་བྱ་རྒྱུ་དེ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]