རང་ལྗོངས་སུ་དྲ་རྒྱའི་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད་དུ་གཏོད། དྲ་རྒྱའི་བདེ་འཇགས་མི་དམངས་ཡོངས་ལ་བརྟེན་ཞེས་བརྗོད་དོན་གཙོ་བོར་བྱས་པའི།  ད་ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་ཉིན་མོའི་རང་སྐྱོང་ལྗོངས་ཀྱི་གཅིག་བསྡུས་འགྲེམ་སྟོན་བྱེད་སྒོ་སྤྱི་ཚེས ༡༤ ཉིན་ལྷ་སར་སྤེལ་འགོ་ཚུགས་པ་དང་།  ད་ཐེངས་ཀྱི་བྱེད་སྒོའི་ཐོག་རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་དང་ཀྲུང་དབྱང་ཐད་གཏོགས་ཚན་པ།  མཉམ་འབྲེལ་དྲ་རྒྱའི་ཁེ་ལས་སོགས་ཞུགས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་ནས་དྲིལ་བསྒྲགས་པར་སྒྲོམ་བཙུགས་པ་དང་དྲ་རྒྱའི་བདེ་འཇགས་ཤེས་བྱའི་བརྙན་ལམ་སྟོན་པ།  དྲིལ་བསྒྲགས་དཔྱད་གཞི་བཀྲམ་པ་སོགས་ཀྱི་བྱ་ཐབས་བརྒྱུད།  ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་བྱས་ནས།  མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་དོགས་ཟོན་ནུས་པ་གོང་མཐོར་བཏང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤྱི་ཚེས ༡༤ ཉིན་ནས་ཚེས ༢༠ བར་སྤེལ་རྒྱུ་དང་།  དེའི་རིང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་ནས་སློབ་གྲྭའི་ཉིན་མོ་དང་གློག་འཕྲིན་གྱི་ཉིན་མོ།  དངུལ་རྩའི་ཉིན་མོ།  གཞོན་ནུ་ལོ་ཆུང་གི་ཉིན་མོ་སོགས་བྱེད་སྒོའི་ཐོག་ཏུ་ཡང་དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]