ནན་ཅིང་སྨྱན་སྦྱོར་ཚོགས་པས་མལ་གྲོ་གུང་དཀར་ལ་སློབ་སྐྱོར་གྱི་སྤྱི་ཕན་བརྩེ་སེམས་ཞལ་འདེབས་བརྒྱབ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ནན་ཅིང་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་ནན་ཅིང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན།  ནན་ཅིང་ཚགས་པར་ལས་རིགས་སྨྱན་སྦྱོར་ཚོགས་པ་སོགས་ཀྱིས་གཙོ་གཉེར་བྱས་པའི།  བརྩེ་བས་བཅིངས་ཏེ་ནུབ་ཏུ་སྐྱོད། འབྱོར་འབྲིང་རྒྱལ་ཁ་ཕུ་ཐག་གཅོད་ཅེས་པའི་སྨྱན་སྦྱོར་ཧྲིལ་པོའི་སྤྱི་ལོ ༢༠༢༠ ལོའི་བྱ་སྤྱོད་དང་།  མལ་གྲོ་གུང་དཀར་ལ་གཅེས་སེམས་ཕུལ་ནས་སློབ་སྐྱོར་སྤྱི་ཕན་བྱ་སྤྱོད་ཀྱི་ཞལ་འདེབས་རྒྱག་པའི་མཛད་སྒོ་སྤྱི་ཟླ་དགུ་པའི་ཚེས ༡༤ ཉིན་གྱི་ཕྱི་དྲོ།  ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ལྟེ་བའི་སློབ་ཆུང་དུ་འཚོགས་པ་རེད།

བྱེད་སྒོའི་ཁྲོད།  ནུབ་སྐྱོད་བྱེད་མཁན་སྨྱན་སྦྱོར་ཧྲིལ་པོའི་བྱ་སྤྱོད་ཚོགས་ཆུང་དང་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས།  བརྩེ་བས་བཅིངས་ཏེ་ནུབ་ཏུ་སྐྱོད། སྐལ་བཟང་མེ་ཏོག་རྣམ་པར་བཞད་ཅེས་པའི་ཐུན་མོང་དུ་བཙུགས་པའི་བརྩེ་སེམས་སློབ་སྐྱོར་བྱ་དགའི་ཐེབས་རྩའི་ཡོལ་བ་ཕྱེ་བ་རེད།  དེ་མིན་ད་དུང་ཏང་འཛུགས་དང་རིག་སྐྱོར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེ་དག་གི་ཐོག་ནས་ནན་ཅིན་གྲོང་ཨུད་དང་སྲིད་གཞུང་།  གྲོང་ཁྱེར་ཚན་པ་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ནས་ཐག་རིང་བོད་དུ་ཡོད་པའི་མལ་གྲོ་གུང་དཀར་རྫོང་ལ་བྱམས་སྐྱོང་དང་ཐུགས་འཁུར་གནང་ལུགས་མཚོན་གྱི་ཡོད་ལ།  མཉམ་འདྲེས་རང་བཞིན་གྱི་བོད་སྐྱོར་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་ཡིན་ལ།  ནན་ཅིན་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ ༢༥ པ་ཡང་རེད།  སྨྱན་སྦྱོར་ཧྲིལ་པོའི་བྱ་སྤྱོད་དེ་ད་ཐེངས་བོད་དུ་སྐྱོད་ཐེངས་དང་པོ་ཡིན་པ་དང་།  མལ་གྲོ་གུང་དཀར་རྫོང་དུ་བརྩེ་སེམས་སློབ་སྐྱོར་གྱི་སྤྱི་ཕན་བྱེད་སྒོ་སྤེལ་བ་དེ་ནི།  ནན་ཅིན་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་བྱེད་པའི་བྱ་ཐབས་ཀྱང་ཡིན་པས།  ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་གསར་འགོད་པ་ཚོས་ས་གནས་ས་ཐོག་ཏུ་བཅར་འདྲིའི་བྱེད་སྒོ་ཡང་སྤེལ་རྒྱུ་རེད།། 

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]