རྣམ་པ་གསར་རྐྱང་དུ་གྱུར་བའི་གམ་པ་རྫོང་དགྱེས་རུ་གྲོང་ཚོ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་དགྱེས་རུ་གྲོང་ཚོ་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་ཆ་སྙོམས་ས་བབས་མཐོ་ཚད་སྨིད ༥༠༥༠ ཡོད།  རི་སྔོན་ཆུ་དྭངས་དང་གངས་འཁྱགས་ཀྱིས་ཀླུབས་པའི་ས་གཞི་དེ་ས་རྒྱ་ཆེ་ལ་ཁོར་ཡུག་ཤིན་ཏུ་གཙང་།  ཉེ་བའི་ལོའི་རིང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པ་དང་བསྟུན་དགྱེས་རུ་གྲོང་ཚོར་འཕེལ་རྒྱས་ཀྱི་རྫོགས་ལྡན་དུས་སྐབས་བསུས་ཡོད་ལ་གྲོང་ཚོའི་རྣམ་པ་ཡང་གསར་རྐྱང་དུ་གྱུར་ཡོད།  གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་བརྟན་པོའི་ངང་མཐོ་རུ་ཕྱིན་ནས།  སྤྱི་ལོ ༢༠༡༩ ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཚོ ༡.༡ ལས་བརྒལ་ཡོད།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སྐོང་ཚོགས་བྱས་པ་དེས་དགྱེས་རུ་གྲོང་ཚོའི་འཕེལ་རྒྱས་ཐད་སླར་ཡང་སྒུལ་ཤུགས་ཆེན་པོ་ཞིག་སྣོན་ཐུབ་ངེས་རེད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]