ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གསར་གཏོད་ཚོགས་ཆེན་སྐབས་དང་པོ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་སྔར་བས་མགྱོགས་སུ་གཏོང་བ་དང་།  ལྷ་སའི་མཐོ་གསར་ཁུལ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་དང་ཐོན་སློབ་ཞིབ་གསུམ་མཉམ་ལས་གསར་གཏོད་བྱེད་པའི་ལས་གཏོད་ཀྱི་རྣམ་པ་ཞིག་ཆགས་པ་བྱ་ཆེད།  ཀྲུང་གོ་ཐོན་སློབ་ཞིབ་གསུམ་མཉམ་ལས་སྐུལ་སྤེལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་།  ལྷ་ས་གྲོང་ཁྱེར་སྲིད་གཞུང་།  ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་བཅས་ཀྱིས་ཉེ་དུས་ལྷ་སའི་སྣེའུ་ཁུལ་གསར་མཐོ་གསར་ལག་རྩལ་ཁུལ་དོ་དམ་ཨུ་ལྷན་དང་མཉམ་དུ་གཙོ་གཉེར་བྱས་པའི།  ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྣེའུའི་ཁུལ་དུ་ཕུགས་འདུན་མངོན་འགྱུར་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་ཐོན་སློབ་ཞིབ་གསུམ་མཉམ་ལས་གསར་གཏོད་ཀྱི་ཚོགས་ཆེན་སྐབས་དང་པོ་འཚོགས་པ་རེད།

ལྷ་སའི་སྣེའུ་ཁུལ་གསར་མཐོ་གསར་ལག་རྩལ་ཁུལ་དུ་ཚོགས་པའི་ཐོན་སློབ་ཞིབ་གསུམ་མཉམ་ལས་གསར་གཏོད་ཀྱི་ཚོགས་ཆེན་དེའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཐོན་སློབ་ཞིབ་གསུམ་མཉམ་ལས་ཞེས་པ་ནི་ཁེ་ལས་དང་ཚན་རིག་ཞིབ་འཇུག་ཁང་།  མཐོ་རིམ་སློབ་གྲྭ་བཅས་དབར་གྱི་མཉམ་ལས་ལ་ཟེར་བ་དང་།  རྒྱུན་དུ་ཁེ་ལས་དེ་ལག་རྩལ་དགོས་མཁོའི་ཕྱོགས་དང་ཚན་རིག་ཞིབ་འཇུག་ཁང་ངམ་ཡང་ན་མཐོ་རིམ་སློབ་གྲྭ་དེ་ལག་རྩལ་མཁོ་སྤྲོད་པའི་ཕྱོགས་ནས་ཕན་ཚུན་དབར་མཉམ་ལས་བྱེད་པར་ཟེར།  ཚོགས་ཆེན་ཐོག་མཐོ་སློབ་སློབ་གླིང་ཁག་གཅིག་གི་ལེགས་ཆའི་རིག་ཚན་དང་ཚན་རྩལ་གྲུབ་འབྲས་གསར་ཤོས།  ཐོན་ལས་འཁོར་འབྲེལ་གོང་འོག་སོ་སོའི་ལག་རྩལ་དགོས་མཁོ་དང་གྲུབ་འབྲས་མཁོ་སྤྲོད་གཅིག་སྡུད་ཐོག་ཁྱབ་བསྒྲགས་དང་འགྲེམས་སྟོན་བྱས་པ་རེད།  འཆད་ཁྲིད་དང་ངོ་སྤྲོད་ཁྱབ་གདལ།  ས་གནས་ས་ཐོག་ཏུ་ངོ་འཕྲད་གྲོས་མོལ་བཅས་བྱེད་པའི་བྱ་ཐབས་ལ་བརྟེན་ནས་ཐོན་སློབ་ཞིབ་གསུམ་མཉམ་ལས་མཉམ་འགུལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས།  ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་རྣམ་པ་བཟང་པོ་བསྐྲུན་ཡོད།

བོད་ལྗོངས་སློབ་ཆེན་ཚན་རྩལ་ཞིབ་འཇུག་ཁྲུའུ་རང་བྱུང་ཚན་རིག་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ། དགེ་རྒན་ཆེ་མོ་གཞོན་པ་ལྷག་ཆུང་གིས།  ངས་ད་ཐེངས་ཀྱི་བྱེད་སྒོར་སྤྱི་ལོ ༢༠༡༦ ལོ་ནས་བཟུང་ཚན་ཞིབ་ཐད་ཐོབ་པའི་ང་ཚོའི་སློབ་གྲྭའི་གྲུབ་འབྲས་ཁག་ཅིག་འཁྱེར་ཡོད་ལ།  ང་ཚོའི་ཚན་རྩལ་ཞིབ་འཇུག་ཁང་གིས་རིམ་པ་དང་ཁྱབ་ཁོངས་མི་འདྲ་བའི་ནང་སྤེལ་བའི་ཞིབ་འཇུག་གི་ནང་དོན་ཁག་ཅིག་ཀྱང་འཁྱེར་ཡོད།  ད་ལྟ་ང་ཚོའི་མཐོ་སློབ་ཀྱི་ཚན་རྩལ་ཞིབ་འཇུག་ཐད་ཐོབ་པའི་གྲུབ་འབྲས་དང་ཆེད་ཁེ་མང་པོ་དེ་འདྲ་ཡོད་པས་ཁེ་ལས་དང་མཉམ་ལས་དེ་བས་གཏིང་ཟབ་བྱེད་དགོས་ཀྱི་ཡོད།  ང་ཚོའི་རེ་བར་བྱེད་སྒོ་འདི་ལྟ་བུ་མང་ཙམ་གཉེར་ནས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་།  ཁེ་ལས་བཅས་དབར་འབྲེལ་མཐུད་སྤེལ་རེས་དང་མཉམ་ལས་ཀྱི་སྟེགས་བུ་ཞིག་གང་ལེགས་བསྐྲུན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]