རང་ལྗོངས་ཀྱིས་དྲ་རྒྱའི་བདེ་འཇགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ལྔ་པ་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་།  ལྗོངས་སྤྱི་བདེ་ཐིང་།  ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།  ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།  རང་སྐྱོང་ལྗོངས་དྲ་སྦྲེལ་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་སྤྱི་ལོ ༢༠༢༠ ལོའི་ཀྲུང་གོའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྟེ།  བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ལྔ་པའི་མཐའ་བསྡུར་བྱེད་སྒོ་ལྷ་ས་གསོལ་མགྲོན་ཁང་དུ་སྤེལ་བ་རེད། 

ངོ་སྤྲོད་བྱས་པར་གཞིགས་ན།  ད་ཐེངས་ཀྱི་འགྲན་བསྡུར་དེ་མི་སྒེར་གྱི་འགྲན་བསྡུར་དང་ཚོགས་པའི་འགྲན་བསྡུར་ཁག་གཉིས་སུ་དབྱེ་ཡོད་པ་དང་།  བདམས་ཐོན་པ ༡༥༨ དང་ཚོགས་པ ༤༡ འགྲན་བསྡུར་ནང་ཞུགས་ནས།  དྲ་རྒྱའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཆེད་ལས་ཀྱི་རྩལ་ནུས་ཁག་ལ་དཔྱད་བསྡུར་བྱས་ཡོད།

འབྲེལ་ཡོད་འགན་འཁུར་བས།  རང་ལྗོངས་ཀྱིས་དྲ་རྒྱའི་བདེ་འཇགས་རྩལ་ནུས་འགྲན་བསྡུར་ཆེ་མོ་བསྟུད་མར་སྐབས་ལྔ་གཉེར་བ་དང་།  འགྲན་བསྡུར་དེ་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་སུ་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་ནུས་པ་ཆེན་པོ་ལྡན་པའི་སྤུས་རྟགས་འགྲན་བསྡུར་ཞིག་ཏུ་གྱུར་ནས།  བོད་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་སྔོག་འདོན་དང་གསོ་སྐྱོང་བྱ་རྒྱུ་དང་།  བོད་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ལག་རྩལ་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ།  དྲ་རྒྱའི་བདེ་འཇགས་ལས་རིགས་ཀྱི་སློབ་གསོ་དང་ཐོན་ལས་མཉམ་འདྲེས་ལ་འཕེལ་རྒྱས་གཏོང་རྒྱུ་བཅས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད་ཅེས་བཤད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]