དྲི་ཟའི་དབྱངས་ཀྱི་དམངས་གཞས་གྱེར་ལེན་འགྲན་བསྡུར་སྐབས་ལྔ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་རྩེ་རྫོང་དུ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་གིས་གཙོ་གཉེར་བྱས་པ་དང་།  ལྷ་རྩེ་རྫོང་ཨུད་སོགས་འབྲེལ་ཡོད་ཕྱོགས་ནས་གཉེར་རོགས་བྱས་པའི་དྲི་ཟའི་དབྱངས་ཀྱི་དམངས་གཞས་གྱེར་ལེན་འགྲན་བསྡུར་སྐབས་ལྔ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ  སྤྱི་ཟླ་དགུ་པའི་ཚེས ༢༠ ཉིན་སྟོད་གཞས་ཀྱི་ཕ་ཡུལ་ཞེས་སུ་གྲགས་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་སྤེལ་བ་རེད།  བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཟོའོ།  བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་བཅས་ཀྱི་རིགས་གཅིག་མཁས་དབང་ཚོས་དཔྱད་འདེམས་ནན་པོ་བྱས་པ་བརྒྱུད།  བསོད་ནམས་སྒྲོལ་དཀར་དང་སྐར་མ་བསྟན་སྐྱིད་ལ་ཨང་དང་པོ་ཐོབ་པ་དང་།  བྱམས་པ་མཚོ་སྐྱིད་ལ་ཨང་གཉིས་པ་ཐོབ་པ།  ཚེ་རིང་གཡང་འཛོམས་དང་གནས་མཆོག་དབྱངས་སྙན་ཚན་སྡེབ་ལ་ཨང་གསུམ་པ་ཐོབ་ཡོད།  ལྷ་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའུ་ལ་བྱེད་སྒོ་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་པ་རེད།

དྲི་ཟའི་དབྱངས་ཀྱི་དམངས་གཞས་གྱེར་ལེན་འགྲན་བསྡུར་བྱེད་སྒོ་སྤེལ་བ་དེས།  བོད་ཀྱི་གདོད་མའི་དམངས་ཁྲོད་གླུ་གར་སྔར་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་སྲུང་སྐྱོབ།  འཚོལ་བསྡུ་བྱས་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་།  འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྒེག་ཉམས་མངོན་ཐུང་པ་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ངེས་ཡིན།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]