ལྗོངས་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་འཕྲིན་ཁོངས་གཏོཌ་ལས་བྱེད་པར་ཕྱོཌ་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཉེར་བའི་དུས་ཡུན་གཟའ་འཁོར་གཅིག་གི་སྤྱི་ལོ ༢༠༢༠ ལོའི་ལྗོངས་ཡོངས་ཀྱི་དྲ་འཕྲིན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྤྱི་ཟླ ༩ ཚེས ༢༢ ཉིན་ལྷ་སར་སློབ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  གསོ་སྦྱོང་ནང་ཞུགས་མཁན་གྱི་གྲས་སུ་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དུ་སྤྱི་ལོ ༢༠༡༩ ལོ་ནས་བཟུང་གསར་དུ་ལས་ཞུགས་བྱས་པའི་ལས་དོན་པ་དང་།  གསར་དུ་གནས་སྤར་བསྐོ་གཞག་བྱས་པའི་ཁྲུའུ་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་ཡོད་ལ།  དེ་བཞིན་རྒྱལ་ཁབ་རྩིས་འཁོར་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དོ་དམ་ལྟེ་གནས་བོད་ལྗོངས་ཡན་ལག་ལྟེ་གནས་དང་།  གྲོང་ཁྱེར༼ས་ཁུལ༽བདུན་གྱི་དྲ་འཕྲིན་གཞུང་དོན་ཁང་།  དེ་བཞིན་རྫོང་༼ཆུས༽ཀྱི་དྲ་འཕྲིན་ལས་བྱེད་པ་སོགས་ཁྱོན་མི ༡༠༥ ཡོད།

ད་ཐེངས་ཀྱི་གསོ་སྦྱོང་བྱེད་སྒོར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་མི་དམངས་ཉིན་རེའི་ཚགས་པར།  མི་དམངས་དྲ་བ།  པེ་ཅིང་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་།  ཀྲེ་ཅང་སློབ་ཆེན།  ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན།  ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་སོགས་ལྗོངས་ཕྱི་ནང་གི་འབྲེལ་ཡོད་ཚན་པའི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་གསོ་སྦྱོང་སློབ་མར།  དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་རྒྱུའི་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན།  དྲ་རྒྱའི་གླེང་ཕྱོགས་དོ་དམ་ཁྲིད་སྟོན།  བོད་འབྲེལ་དྲ་རྒྱའི་གླེང་ཕྱོགས་དབྱེ་ཞིབ་ཞིབ་འཇུག  དྲ་རྒྱའི་གསར་འགྱུར་དྲིལ་བསྒྲགས།  དྲ་རྒྱའི་དཔྱད་གཏམ་ལས་དོན།  ཕྱི་ཕྱོགས་བརྒྱུད་བསྒྲགས།  སྨྱན་སྦྱོར་མཉམ་འདྲེས་འཛུགས་སྐྱོང་།  དྲ་རྒྱའི་བར་མཐོངས་ལག་རྩལ་དོ་དམ་ཚོད་འཛིན་སོགས་ཀྱི་ཐད་ཆེད་དོན་ཟུར་ཁྲིད་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]