༢༠༢༠ལོའི་གཅིག་སེམས་གཅིག་སྒྲིལ་བྱས་ནས་ཀྲུང་གོའི་ཕུགས་འདུན་གཏོད་ཅེས་པའི་སློབ་རོགས་བྱེད་སྒོ་ལྷ་སར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༢༠ ལོའི་གཅིག་སེམས་གཅིག་སྒྲིལ་བྱས་ནས་ཀྲུང་གོའི་ཕུགས་འདུན་གཏོད་ཅེས་པའི་སློབ་རོགས་བྱེད་སྒོ་ཉེ་དུས་ལྷ་སར་གཉེར་བ་རེད།  འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས།  རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་གཅེས་སེམས་དང་བླངས་པ ༡༤༠ ཡངས་པ་ཅན་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་དངོས་ཟོག་ཞལ་འདེབས་དང་གཅེས་སེམས་མཚོན་པའི་ཧབ་འཚོང་།  གཅིག་རོགས་གཅིག་སྐྱོར་བཅས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་བ་རེད།  

ས་གནས་ས་ཐོག་ཏུ་ཀྲུང་གོའི་གཅེས་སེམས་སྒྲིག་འཛུགས་ཨུ་ལྷན་གྱིས་ཡངས་པ་ཅན་གྲོང་རྡལ་ལྟེ་བའི་སློབ་ཆུང་ལ་མལ་ཆས་ཤུབས་ཆ་ཚང་ ༨༡༠ དང་ཐཱན་འགྱུར་ཀལ་རྒྱུ་སྒམ ༣༠༠ སྤྲད་པ་རེད།  དགེ་སྒྲུབ་ཧབ་འཚོང་སྐུལ་ནས་རགས་པའི་དངུལ་སྒོར ༧༤༤༦༠ དེ་དག་ཚང་མ་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུའི་ཐད་སྤྱོད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་རེས་ཀྱི་བྱེད་སྒོའི་ཐོག་གཅིག་རོགས་གཅིག་སྐྱོར་གྱི་གཉེན་སྦྲེལ་ཁག ༡༦ བཙུགས་ཏེ།  དང་བླངས་པ་ཚོས་སློབ་དུས་རེར་རོགས་སྐྱོར་དང་ལེན་བྱེད་མཁན་སློབ་མར་སློབ་རོགས་མ་དངུལ་སྒོར ༡༠༠༠ སྤྲོད་རྒྱུ་མ་ཟད།  དུས་བཀག་ལྟར་འཚོ་བའི་ཡོ་ཆས་དང་སློབ་སྦྱོང་གི་ཡོ་ཆས་སྤྲད་དེ་སློབ་མ་ཚོའི་སློབ་ཞུགས་ལ་རོགས་རམ་ཡང་བྱེད་རྒྱུ་རེད།

ཐུན་མོང་ཐོག་ཀྲུང་གོའི་སེམས་པ་གཏོད་ཅེས་པ་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཆེ་གཞོན་པ་ཝང་དབྱི་ཇང་གིས།  ང་ཚོས་བྱེད་སྒོ་དེ་སྤེལ་དོན་ནི་རྒྱལ་ཡོངས་ཀྱི་ངོ་བོ་ལྡན་པའི་རོགས་སྐྱོར་སྟེགས་བུ་ཞིག་གཏོད་ཆེད་དང་།  ད་དུང་ཕུགས་ཕན་རོགས་སྐྱོར་གྱི་འཚམ་འདྲིའི་ལམ་སྲོལ་ཞིག་བཙུགས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་བདེ་བླག་ངང་སློབ་གྲྭ་ཐོན་རྒྱུར་རོགས་རམ་ཐུབ་པ་བྱ་རྒྱུ་རེད།  སྤྱི་ལོ ༢༠༡༤ ལོར་བྱེད་སྒོ་སྤེལ་ཚུན་སྔ་རྗེས་སུ་དང་བླངས་པ ༡༣༤༠ ལྷག་ཙམ་སྒྲིག་འཛུགས་བྱས་ནས།  བོད་དུ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་གནས་གཏན་འཁེལ་གྱི་རོགས་སྐྱོར་ཞབས་ཞུ་སྒྲུབ་པས་ད་བར་རོགས་སྐྱོར་བྱ་ཡུལ ༡༨༧ དང་འབྲེལ་བ་བཙུགས་པ་དང་།  དཀའ་ངལ་ཡོད་པའི་དུད་ཚང་ ༡༡༧ ལ་འཚམ་འདྲི་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]