གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་ཞབས་ཞུ་ཧུར་ཐག་སྒྲུབ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་གཅིག་ཙམ་རིང་།  ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་དབྱར་ས་གྲོང་ཚོར་བཅའ་སྡོད་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་རུ་ཁག་ཁག་དགུ་པས་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད ༤༨༠༠ ཡན་ཡོད་པའི་འབྲོག་ཁུལ་དུ་གཟུགས་པོ་མི་བདེ་བ་དང་ཁོར་ཡུག་ངན་པ་སོགས་ཀྱི་དཀའ་ངལ་ཐ་དག་ཁྱད་དུ་བསད་ཐོག་མང་ཚོགས་ལ་ཏང་གི་དབུལ་སྐྱོར་སྲིད་ཇུས་རྒྱ་ཁྱབ་ངང་སྒྲོག་འགྲེལ་བྱས་ཏེ།  མང་ཚོགས་དབུལ་གྲོལ་འགག་སྒྲོལ་ནང་ཞུགས་རྒྱུ་དང་།  མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་དང་དབུལ་གྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་རྒྱུ།  མང་ཚོགས་ཚོས་གོམས་སྲོལ་ངན་པ་དོར་ཏེ་ཡ་རབས་ཤེས་དཔལ་གྱི་འཚོ་བ་སྐྱེལ་རྒྱུ་བཅས་ལ་ཁྲིད་སྟོན་བྱས་ནས།  མང་ཚོགས་ཀྱི་དྲིལ་བསྒྲགས་པ་དང་ཞབས་ཞུ་བ་ཡག་པོ་ཞིག་བྱས་པར་ཞིང་འབྲོག་མང་ཚོགས་ཚོའི་ཁས་ལེན་དང་དགའ་བསུ་ཐོབ་ཡོད།

གྲང་ངར་ཆེ་བའི་དགུན་དུས་སུ།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཅེས་སེམས་མི་སྣ་དང་འབྲེལ་བ་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་ཀྱི་ལོ ༡༥ མན་གྱི་ཕྲུ་གུ་ཚོར་དགུན་སྒྲོལ་གྱོན་ཆས་དང་རྐང་རྩེད་སྤོ་ལོ།  ཕིང་ཕང་སྤོ་ལོ།  དཔེ་ཁུག་སོགས་དངོས་ཟོག་ཞལ་འདེབས་རྒྱབ་སྟེ་ཕྲུ་གུ་ཚོས་ལུས་སྦྱོང་ཧུར་ཐག་བྱེད་རྒྱུར་སྐུལ་མ་བཏང་བ་དང་།  དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་དར་སྤེལ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལུས་སྦྱོང་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་བྱས་ཡོད།

རིམས་ནད་ཐོན་རིང་།  ཤང་ཏང་ཨུད་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་དང་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དུག་སེལ་དང་ཐོ་འགོད།  ཡུལ་གཞན་ནས་ཡོང་བའི་མི་སྣ་ལོགས་སྡོད་བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་མ་ཟད།  རིམས་ནད་འགོག་ཟོན་གྱི་ཤེས་བྱ་གསལ་འགྲེལ་དང་རྒྱུན་མཁོའི་སྨན་སྤྲོད་པ།  བདེ་ཐང་སྒྲོག་འགྲེལ་སོགས་ཀྱི་ཆེད་དོན་བྱེད་སྒོ་ཡང་སྤེལ་ནས།  རིམས་ནད་འགོག་ཟོན་གྱི་གཞི་རིམ་ལས་དོན་ཁྲོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལེགས་སྐྱེས་ཕུལ་ཡོད།

འཛམ་གླིང་དཔེ་ཀློག་ཉིན་མོའི་རིང་།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་དང་།  གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་གཙོ་བོར་བྱས་ནས་རྒྱ་ཡིག་སྦྱོང་བའི་བྱེད་སྒོ་སོགས་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་དང་འཕྲོད་བསྟེན་མཁོ་ཆས་སྤྲོད་པ།  བདེ་ཐང་གི་ཆེད་དོན་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་ཏེ།  ཞིང་འབྲོག་མང་ཚོགས་ཚོས་གོམས་སྲོལ་ངན་པ་དོར་ནས་ཚན་རིག་དང་མཐུན་པའི་ཤེས་དཔལ་དར་སྤེལ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་རིང་།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་མཉམ་དུ་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་བཏང་བ་མ་ཟད།  གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་ཚང་མར་བྱིས་པའི་གྱོན་ཆས་ཞལ་འདེབས་ཕུལ་བ་རེད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]