གཞིས་རྩེ་གྲོང་ཁྱེར་གྱི་བཟོ་བོའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་གྲ་རྒྱས་ངང་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༡༧ ཉིན་གྱི་སྔ་དྲོ།  གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།  གྲོང་ཁྱེར་མི་སྤྱི་ཅུ་དང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཞོགས་འདེགས་བྱས་པ།  བོད་ལྗོངས་ཀྲེ་ཞོན་མི་རྒྱུན་ཐོན་ཁུངས་དོ་དམ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི་གཞིས་རྩེ་གྲོང་ཁྱེར་གྱི་བཟོ་བོའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་གཞིས་རྩེའི་སྤྱི་གླིང་ཨང་བཞི་པགྲ་རྒྱས་ངང་མཇུག་སྒྲིལ་བ་རེད།

 

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་༼ ཆུས ༽༡༨ ནས་ཡོང་བའི་མི ༢༣༨ ཀྱིས།  ཨར་འདམ་བཟོ་ལས་དང་མགྲོན་ཁང་ཞབས་ཞུ།  བོད་ཟས་མ་བྱན་སོགས་ལས་རིགས ༡༠ ཡི་གཅིག་སྡུད་འགྲན་བསྡུར་ནང་ཞུགས་ཏེ།  རང་ནུས་ཆེར་འདོན་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་ཐོག་ནས་མཛེས་སྡུག་ལྡན་པའི་གཞིས་རྩེའི་ལེའུ་ཞིག་བརྩམས་ཡོད།  

ད་ཐེངས་ཀྱི་འགྲན་བསྡུར་དེའི་ཐོག་མཐར་མི་སྒེར་ལ་གསེར་གྱི་བྱ་དགའ་བཅུ་དང་དངུལ་གྱི་བྱ་དགའ་བཅུ་བཞི།  ཟངས་ཀྱི་བྱ་དགའ་བཅོ་བརྒྱད་བཅས་སྤྲད་ཡོད་པ་མ་ཟད།  མཉམ་སྡེབ་ལ་དམིགས་པའི་ཕུལ་བྱུང་གི་སྒྲིག་འཛུགས་བྱ་དགའ་དྲུག་ཀྱང་དཔྱད་འདེམས་བྱས་ཡོད་པ་དེ་དག་ལ་ཁྱོན་བྱ་དགའི་དངུལ་སྒོར་ཁྲི་ཚོ ༡༠ སྤྲད་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]