རང་ལྗོངས་ནས་དབུལ་གྲོལ་འགག་སྒྲོལ་གྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༡༧ ཉིན་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་བདུན་པ་དེ་ཡིན་ཞིང་།  རང་ལྗོངས་ཀྱིས་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུདབུལ་སྐྱོར་ཉིན་མོའི་ཁྲོམ་གཞུང་གཅིག་ཅེས་པ་དང་དེ་བཞིན་དབུལ་གྲོལ་འགག་སྒྲོལ་གྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་སྤེལ་བ་དང་།  ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་ ༣༢༠ ལྷག་ཙམ་གྱིས་བྱེད་སྒོར་ཞུགས་ཏེ།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་དབུལ་གྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་དང་ཁྱད་ལྡན་ཐོན་རྫས་སྣེ་ཁ་ཆིག་སྟོང་ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་དེ་སྤྱི་ཟླ་བཅུ་པའི་ཚེས ༢༣ ཉིན་བར་རྒྱུན་མཐུད་རྒྱུ་དང་།  ད་དུང་དྲ་བའི་གྲགས་ཅན་མི་སྣའི་ཐད་གཏོང་བརྒྱུད་ས་གནས་ས་ཐོག་ཏུ་ཚོང་ཟོག་བྲིན་ཚོང་བྱེད་སྒོ་སོགས་སྤེལ་རྒྱུ་མ་ཟད།  མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བློ་འདྲི་བྱེད་པ།  འོས་འགན་སྨན་བཅོས་བྱེད་པ།  ལག་རྟགས་དང་དྲན་རྟེན་དངོས་པོ་སྤྲོད་པ་སོགས་ཀྱང་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]