སྙེ་མོ་རྫོང་གིས་སྟོང་ལོའི་སྤོས་བཟོའི་ལག་རྩལ་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོ་ནི་སློབ་དཔོན་ཐོན་མི་སམབྷོཊ་ཡི་འཁྲུངས་ཡུལ་ཡིན་པ་དང་།  ཁུལ་དེར་གནའ་སྔ་མོ་ནས་སྤོས་བཟོའི་ལག་རྩལ་དར་ཁྱབ་ཆེན་པོ་ཡོད་པ་དང་།  ད་བར་ལོ་ངོ་ ༡༣༠༠ ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།  སྤྱི་ལོ ༢༠༠༨ ལོར་སྙེ་མོའི་སྤོ་བཟོའི་ལག་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཁོངས་སུ་བཅུག་པ་དང་།  སྤྱི་ལོ ༢༠༡༤ ལོར་སྙེ་མོའི་སྤོས་ལ་རྒྱལ་ཁབ་ཀྱི་ས་ཁམས་སྲུང་སྐྱོང་ཚོན་རྟགས་ཐོན་རྫས་ཀྱི་ཆོག་མཆན་སྤྲད་པ་རེད།

གྲོང་རྡལ་དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ ༡༦ གི་མང་ཚོགས ༢༣ མཉམ་ལས་ཁང་ནང་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས།    ལོ་འཁོར་མོར་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་ལ་གླ་ཕོགས་ཁྱོན་སྒོར་ཁྲི ༡༡.༤ སྤྲད་ཡོད་པས།  དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར ༧༡༤༥.༠༦  ཟིན་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར ༤༩༧༠.༤༧ ཟིན་ཡོད།  

ཉེ་བའི་ལོའི་རིང་།  སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་ནས་སྤོས་ཀྱི་རིག་གནས་ཐོན་ལས་དེ།  རྫོང་དར་དམངས་ཕྱུག་གི་རྩེར་སོན་སྤུས་རྟགས་སུ་དམ་འཛིན་བྱས་ཏེ།  སྙེ་མོའི་སྤོས་ཀྱི་རིག་གནས་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་བཏང་བ་དང་།  ཞིང་འབྲོག་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ད་ཆ་རྫོང་ཡོངས་སུ་སྤོས་བཟོའི་ལག་ཤེས་དུད་ཚང་ ༢༨༡ ཡོད་པ་དང་།  སྤོས་བཟོའི་མཉམ་ལས་ཁང་བཞི།  སྤོས་བཟོའི་ཁེ་ལས༼ སྒེ་གཉེར་ཁེ་ལས ༽གཉིས།  སྤོས་ཀྱི་ཐོན་ལས་གླིང་གཅིག་བཅས་ཡོད།  སྤྱི་ལོ ༢༠༡༩ ལོར་རྫོང་ཡོངས་ཀྱི་སྤོས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་ཚོ ༣༨༩༨ ཟིན་པའི་ཁྲོད།  སྤོས་བཟོའི་མཉམ་ལས་ཁང་བཞིར་ཡོང་འབབ་ཁྱོན་སྒོར་ཁྲི་ཚོ ༡༥༨.༢ བྱུང་ཡོད།

ད་ལོའི་དུས་ཚིགས་དང་པོར་རྫོང་ཡོངས་ཀྱི་སྤོས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་ཚོ ༦༠༧ ཟིན་པ་དང་།  ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༢༨༤ ཟིན་པའི་ཁྲོད།  མཉམ་ལས་ཁང་བཞི་ལ་ཡོང་འབབ་སྒོར་ཁྲི་ཚོ ༤༢.༣༨ ཟིན་ནས།  ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་གླ་ཕོགས་སྒོར་ཁྲི ༣.༣༧ སྤྲད་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར ༣༠༦༩.༣༨ བྱུང་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]