རང་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་པར་སྟོན་དུས་ཀྱི་ལས་ཞུགས་གདན་ཞུའི་ཆེད་དོན་འདུ་ཚོགས་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།  སློབ་ཆེན་སློབ་ཐོན་པས་ཐབས་ལམ་མང་པོ་བརྒྱུད་ཁྲོམ་རའི་ཐོག་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད།  སྤྱི་ཚེས ༢༤ ཉིན།  བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་མཉམ་འབྲེལ་ཐོག  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོངས་ཁེ་ལས་ཆུང་གྲས་ཀྱི་གསར་གཏོད་ལས་གཏོད་གཅིག་སྡུད་དཔེ་སྟོན་རྟེན་གཞིར།  སྤྱི་ལོ ༢༠༢༠ ལོའི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལ་དམིགས་པའི་སྟོན་དུས་ཀྱི་ཆེད་དོན་གདན་ཞུའི་འདུ་ཚོགས་གཉེར་བ་རེད།

ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ནང་ཁྱོན་མི་སྤྱོད་མཁན་ཚན་པ ༨༡ ཞུགས་ཡོད་པ་དང་ལས་ཞུགས་ལས་གནས ༧༩༨ མཁོ་འདོན་བྱས་ཡོད།  དེའི་ནང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལས་ཞུགས་ལས་གནས ༣༨ མཁོ་འདོན་བྱས་པ་དང་།  གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་གིས་མི་སྤྱོད་མཁན་ཚན་པ ༡༧ སྒྲིག་འཛུགས་བྱས་ཏེ་ལས་ཞུགས་ལས་གནས ༢༤༡ མཁོ་འདོན་བྱས་པ།  ལྗོངས་མི་སྤྱི་ཐིང་གིས་མི་སྤྱོད་མཁན་ཚན་པ ༦༣ སྒྲིག་འཛུགས་བྱས་ཏེ་ལས་ཞུགས་ལས་གནས ༥༡༩ མཁོ་འདོན་བཅས་བྱས་ཡོད།  ད་ཐེངས་མཁོ་འདོན་བྱས་པའི་ཆེད་ལས་ནི་ནོར་དོན་རྩིས་གཉེར་དང་དྲུང་ཡིག  ངོས་སྙོམས་ཇུས་འགོད།  ཐིག་ལེན་ལས་གྲྭ།  མི་རྒྱུན་ཐོན་ཁུངས་ཀྱི་སྲིད་འཛིན་དོ་དམ།  གསོ་རིག  ནད་སྐྱོང་།  བུ་བཅོལ་སློབ་གསོ།  ཁྲོམ་རའི་ཚོང་གཉེར།  གློག་འཕྲུལ་རང་འགུལ་ཅན།  ལས་གྲྭའི་དོ་དམ།  རྩིས་འཁོར་དྲ་རྒྱའི་ལས་གྲྭ།  ཆུ་མཁོ་བཤངས་ལས་གྲྭ་སོགས་དང་འབྲེལ་བ་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]