ནན་ཅིང་ནས་ལྷ་ས་བར་གྱི་ཐད་སྐྱོད་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ནན་ཅིང་ནས་ལྷ་སར་འཕུར་བའི་ཐད་སྐྱོད་མཁའ་ལམ་ཐོག་གི་འགྲུལ་སྐྱེལ་གནམ་གྲུ་ཐོག་མ་དེ་གོང་དཀར་གནམ་གྲུ་ཐང་དུ་བབས་པ་དེས།  ལྷ་ས་ནས་ནན་ཅིང་བར་གྱི་ཐད་སྐྱོད་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་ནས་ནན་ཅིབར་གྱི་ཐད་སྐྱོད་མཁའ་ལམ་དེ་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་འགན་འཁུར་རྒྱུ་དང་།  དེ་ནི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་རྗེས་སུ་བོད་ལྗོངས་དང་བོད་སྐྱོར་ཞིང་ཆེན་དབར་ཐད་སྐྱོད་མཁའ་འགྲུལ་ཤར་གཏོང་བྱས་པའི་མཁའ་ལམ་ཞིག་ཡིན་ལ།  བོད་ལྗོངས་དང་བོད་སྐྱོར་ཞིང་ཆེན་དབར་ཤར་གཏོང་བྱས་པའི་ཐད་སྐྱོད་མཁའ་ལམ་བརྒྱད་པ་དེ་ཡང་ཡིན། 

ལྷ་ས་ནས་ནན་ཅིང་བར་གྱི་ཐད་སྐྱོད་མཁའ་འགྲུལ་དེ་དགུན་དཔྱིད་གཉིས་ཀྱི་ནམ་དུས་སུ་གཟའ་འཁོར་རེའིགཟའ་མིག་དམར།  གཟའ་ཕུར་བུ།  གཟའ་སྤེན་པ་བཅས་སོ་སོར་ཐེངས་རེ་འཕུར་རྒྱུ་ཡིན་པ་དང་།  ནན་ཅིང་ནས་ལྷ་ས་བར་གྱི་དུས་གཏན་གནམ་གྲུའི་ཨང་རྟགས TV༩༩༣༠༼ ༩:༥༥-༡༤:༢༥ ༽ཡིན་པ་དང་།  ལྷ་ས་ནས་ནན་ཅི་བར་གྱི་དུས་གཏན་གནམ་གྲུའི་ཨང་རྟགས TV༩༩༢༩༼ ༡༧:༠༠-༢༡:༠༠ ༽ཡིན།  མཁའ་འགྲུལ ༣༡༩ རྟགས་ཅན་གྱི་གནམ་གྲུས་འཕུར་སྐྱོད་ཀྱི་ལས་འགན་འཁུར་རྒྱུ་རེད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]