您没有安装FlashPlayer或版本太低, 请点击获得最新版本FlashPlayer
བརྗིད་ཆགས་ཧི་མ་ལ་ཡའི་མུ་ཁྱུད་ཀྱི་ངོ་མཚར་དཔོག་དཀའ་བའི་གནས་སུ། མཛེས་སྡུག་ཡིད་དབང་འཕྲོག་པའི་གནས་མཚོ་ཞིག་ཡོད་པ་དེ་ནི་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པའི་ཡར་འབྲོག་གཡུ་མཚོ་ཞེས་པ་དེ་ཡིན། དེ་ཡང་མཚོ་དེའི་གནས་ཡུལ་ནི་རང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་སུ་གནས་ཤིང་། མཚོ་ངོས་ཀྱི་མཐོ་ཚད་ལ་རྨིད ༤༤༠༠ ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ ༦༣༨ ཟིན་གྱི་ཡོད། མཚོ་དེའི་མིང་ལ་ཡར་འབྲོག་གཡུ་མཚོ་ཞེས་ཟེར་བའི་ཡར་འབྲོག་ནི་མཚོ་གནས་ཡུལ་ས་ཆའི་མིང་ཡིན་པ་དང་། གཡུ་མཚོ་ནི་མཚོ་མདངས་རིན་ཆེན་གཡུ་ལྟར་སྔོ་བས་ན་དེ་ལྟར་བརྗོད།།