您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ ༡༢ པའི་ཚེས ༡ ཉིན། བོད་རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གཉེར་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ལྷ་སར་གཉེར་བ་རེད།
ད་ཐེངས་ཀྱི་འགྲན་བསྡུར་དེ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་དོན་དངོས་བཀོལ་སྤྱོད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སྤེལ་བ་ཞིག་དང་། ནུབ་ལུགས་ཟས་རིགས་གཡོས་སྦྱོར་པ་དང་རླངས་འཁོར་ཉམས་བཟོ་བ། ཟ་ཁང་གི་ཞབས་ཞུ་བ། མི་རིགས་ཀྱི་གྱོན་ཆས་འཚེམ་བཟོ་བ། རྒན་གསོའི་ནད་གཡོག་པ་སོགས་འགྲན་བསྡུར་རྣམ་གྲངས་ཁག ༧ བཀོད་སྒྲིག་བྱས་ཡོད་པའི་ནང་མི ༡༥༠ ལྷག་ཙམ་ཞུགས་པ་དང་རྣམ་གྲངས་རེར་ཤན་འབྱེད་པ ༥ རེ་ཡོད།
རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཏང་ཨུད་ཀྱི་ཨུ་ཡོན། ཅུས་ཀྲང་གཞོན་པ་ཝང་ཁྲུན་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་དེ་རང་ལྗོངས་ཀྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས། ཞུགས་མཁན་མང་ཤོས་བཅས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་ཞིག་དང་། འགྲན་བསྡུར་དེ་སྤེལ་བའི་དམིགས་ཡུལ་ནི་ཡག་ཐོག་ཡག་བརྩེགས་ཀྱི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་ནས་ལས་རིགས་ཀྱི་ཉམས་འགྱུར་མངོན་པ་དང་། སྤྱི་ཚོགས་ཡོངས་སུ་རྩལ་ནུས་ལ་བརྩི་འཇོག་དང་རྩལ་ནུས་ལ་དོ་ཁུར། རྩལ་ནུས་སློབ་སྦྱོང་བཅས་ཀྱི་ངང་ཚུལ་ཆགས་པ་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་རྒྱུ་དེ་རེད།།