您没有安装FlashPlayer或版本太低, 请点击获得最新版本FlashPlayer
བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཁྲིད་སྟོན་བྱས་ཤིང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བོད་ལྗོངས་འཕྲིན་དྲས་གཉེར་འགན་འཁུར་བའི་བོད་ལྗོངས་པར་ལེན་པ་ཞེས་པའི་དྲ་ཐོག་བརྙན་པར་དུས་སྟོན་སྐབས་བཞི་པ་ང་ཚོ་འབྱོར་འབྲིང་ལམ་དུ་བསྐྱོད་ཞེས་པའི་བྱེད་སྒོ། ཉེ་དུས་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་པར་ལེན་པ་ཞེས་པའི་དྲ་ཐོག་བརྙན་པར་དུས་སྟོན་སྐབས་བཞི་པ་སྤྱི་ཟླ་ལྔ་པར་འགོ་ཚུགས་པ་ནས་བཟུང་། ལྗོངས་ཕྱི་ནང་གི་པར་ལེན་ལ་དགའ་པོ་བྱེད་མཁན་ཚོས་དོ་ཁུར་ཆེན་པོ་བྱས་ཏེ་ཕུལ་བྱུང་བརྩམས་ཆ་མང་པོ་འཕེན་ཡོད། བརྙན་པར་དུས་སྟོན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཕྱོགས་ནས་ཐོག་མའི་དཔྱད་འདེམས་དང་བསྐྱར་ཞིབ། མཐའ་མའི་དཔྱད་འདེམས་བཅས་བྱས་པ་བརྒྱུད་མཐར་བརྩམས་ཆོས ༣༧ ལ་བྱ་དགའ་ཐོབ་ཡོད། དེའི་ནང་བརྙན་ཕབ་རིགས་ཀྱི་བྱ་དགའ་ཐོབ་པའི་བརྩམས་བྱ་ཡག་ཤོས ༤ དང་། འབྱོར་འབྲིང་མངོན་པའི་རིགས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཡག་ཤོས ༤ ཕུལ་བྱུང་པར་རིས་རིགས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས ༣ དེ་བཞིན་བརྩམས་ཆོས ༢༥ ལ་གྲལ་ཚུད་བྱ་དགའ་ཐོབ་པ་བཅས་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་བོད་ལྗོངས་པར་ལེན་ཞེས་པའི་དྲ་ཐོག་བརྙན་པར་དུས་སྟོན་སྐབས་བཞི་པའི་བྱེད་སྒོའི་ཐོག་བྱ་དགའ་ཐོབ་པའི། བོད་ཀྱི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས། རིག་གནས། སྐྱེ་ཁམས། ཤེས་དཔལ་སོགས་ཐད་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཐུབ་པ་མ་ཟད། བོད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་དང་རིག་གནས་སོགས་ཀྱི་ཉམས་བཟང་ཡང་མངོན་ཐུབ་པའི་བརྩམས་ཆོས་དེ་དག་རིམ་བཞིན་དྲ་ཐོག་ཏུ་སྟོན་རྒྱུ་རེད།།