ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པས་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཆུང་ལགས་ལ་རྒྱལ་ཡོངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པར་གཟེངས་བསྟོད་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༣ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཚོགས་ཆེན་འཚོགས་ནས།  ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་གདོང་དཀར་ཡན་ལག་ཀུང་སིའི་ཁ་ལོ་བ་ཆུང་ལགས་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྲད་པའི།  སྤྱི་ལོ ༢༠༡༩ ལོའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཡག་ཤོས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པར་གཟེངས་བསྟོད་བྱས་པ་རེད།

ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།  ཆུང་ལགས་ཀྱིས་བོད་དུ་རླངས་འཁོར་བདེ་འཇགས་ངང་བཏང་ནས་སྤྱི་ལེ་ཁྲི་བརྒྱ་ཕྲག་ཁ་ཤས་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་།  སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཀུང་སི་དང་གདོང་དཀར་ཡན་ལག་ཀུང་སིའི་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད་སྔོན་ཐོན་ཁ་ལོ་བར་ཡང་ཐེངས་མང་བདམས་ནས།  ལས་འཛོལ་མེད་པ་དང་སྒྲིག་སྲོལ་མི་འགལ་བ།  ཞུ་གཏུག་མེད་པ་བཅས་བྱུང་སྟེ།  སྤྱིར་བཏང་གི་ལས་གནས་ཐོག་བོད་ཀྱི་སྤྱི་སྤྱོད་རླངས་འཁོར་བའི་ལས་རིགས་ཀྱི་བཀྲག་མདངས་འཚེར་བཞིན་ཡོད།

དམག་ཞབས་འཐིམ་པའི་དམག་མི་ཞིག་ཡིན་པའི་ངོས་ནས།  ཆུང་ལགས་ཀྱིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས།  རྒྱུན་བསྲིང་ལྷོད་མེད་ངང་འགྲུལ་པ་ཚང་མར་ཞབས་འདེགས་ཡག་པོ་ཞུ་བཞིན་ཡོད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]