您没有安装FlashPlayer或版本太低, 请点击获得最新版本FlashPlayer
ལྷ་ས་སྟག་གདོང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས༼ ཡུལ་སྐོར ༽གསར་སྤེལ་རྣམ་གྲངས་དང་། སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོའི་ཡུལ་སྐོར་ཕྱོགས་བསྡུས་རྣམ་གྲངས་ཀྱི་རྐང་དབང་ཞལ་འདེབས་དང་གཉེར་སྐྱོང་དབང་ཆ་རྩིས་སྤྲོད་བྱེད་པའི་མཛད་སྒོ་ཉེ་དུས་སྟག་གདོང་གྲོང་ཚོར་འཚོགས་པ་རེད། རྐང་དབང་ཞལ་འདེབས་དང་གཉེར་སྐྱོང་དབང་ཆ་རྩིས་སྤྲོད་བྱས་པ་བརྒྱུད་སྟག་གདོང་གྲོང་ཚོའི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་ནས། གྲོང་གསེབ་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུར་རམ་འདེགས་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་བར་སྟག་གདོང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༡༠༠ ལས་བརྒལ་བར་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ ༢༠༠༠ ལྷག་ཙམ་ཟིན་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་བྱུང་སྟེ་རི་སྔོན་ཆུ་དྭངས་དེ་གསེར་རི་དངུལ་རིར་གྱུར་བ་བྱེད་རྒྱུ་མངོན་འགྱུར་ཐུབ་ཡོད།།