您没有安装FlashPlayer或版本太低, 请点击获得最新版本FlashPlayer
མངའ་རིས་ས་ཁུལ་གྱིས་སྤྱི་ཟླ་དང་པོའི་ཚེས ༥ ཉིན་གྱི་སྔ་དྲོ། གྲོང་ཚོ ༼ སྡེ་ཁུལ ༽ ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་གྲོང་ཚོ ༼ སྡེ་ཁུལ ༽ ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། སྐབས་མ་བརྗེས་གོང་གི་གྲ་སྒྲིག་དང་འོས་མིའི་ཐོབ་ཐང་གི་ཆ་རྐྱེན། གྲོང་ཚོ་རིམ་པའི་ཚན་ཁག་ལེགས་འདེམས་ལེགས་སྒྲིག ནན་ཏན་ངང་གོ་རིམ་ཚད་ལྡན་བཟོ་རྒྱུ་བཅས་ཕྱོགས་བཞིའི་ཐད་ཀྱི་ལས་དོན་ལ་བླང་བྱ་ཡང་ཁ་གསལ་བཏོན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་མངའ་རིས་ས་ཁུལ་གྱིས་སྤེལ་རྒྱུའི་གྲོང་ཚོ ༼ སྡེ་ཁུལ ༽ ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ལས་དོན་དེ་སྤྱི་ཟླ་དང་པོ་ནས་གཉིས་པའི་ནང་གཅིག་སྡུད་ཐོག་སྤེལ་རྒྱུ་དང་། སྤྱི་ཟླ་བཞི་པར་སྤྱིར་ན་མཇུག་སྒྲིལ་བ་བྱ་རྒྱུ་རེད།།