བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རླུང་འཕྲིན་རྒྱུན་མཐུད་འཁྲབ་ཚན༼ཉི་མའི་བུ་ཕྲུག༽ཞེས་པ་སྒྲ་འཇུག་བྱས་ཟིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་གསར་འགོད་པས་རྒྱ་སྐད་ཀྱི་དངོས་བྲིས་རླུང་འཕྲིན་རྒྱུན་མཐུད་འཁྲབ་ཚན༼ ཉི་མའི་བུ་ཕྲུག ༽ཞེས་པའི་འཁྲབ་ཚན་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  འཁྲབ་ཚན་དེ་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་སྒྲ་འཇུག་བྱས་ཟིན་པ་དང་དུས་ཚོད་དམ་འཛིན་གྱིས་སྒྲིག་བཟོ་སོགས་རྗེས་མཐུད་ལས་ཀ་སྤེལ་བཞིན་ཡོད།  དངོས་བྲིས་རླུང་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེ་རྒྱ་ཆེའི་གསན་པ་པོའི་སྙན་ལམ་དུ་གང་མགྱོགས་སྒྲོན་ཐུབ་པ་བྱེད་རྒྱུ་རེད།

༼ ཉི་མའི་བུ་ཕྲུག ༽ཞེས་པའི་འཁྲབ་ཚན་དེ་ནི་རང་རྒྱལ་དུ་ནས་ལ་ཞིབ་འཇུག་བྱེད་མཁན་ཆེད་ལས་རིགས་གཅིག་མཁས་ཅན་ཐོག་མ། ཚན་རིག་མཁས་ཅན་ཉི་མ་བཀྲ་ཤིས་ལགས་ཀྱི་མི་ཚེའི་བརྒྱུད་རིམ་གཞིར་བཞག་དངོས་བྲིས་རླུང་འཕྲིན་ཟློས་གར་གྱི་སྒྱུ་རྩལ་རྣམ་པའི་ཐོག་ནས།  ཉི་མ་བཀྲ་ཤིས་ལགས་ཀྱི་འཚར་ལོངས་དང་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་མངོན་པར་བྱས་ཤིང་།  ཁོང་གིས་སྐུ་ཚེ་གང་པོར་བརྟན་སྲུང་གནང་བའི་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་འཇལ་བའི་སྙིང་སྟོབས་དེ་མཚོན་པར་བྱས་ཡོད་པས།  ཉི་མ་བཀྲ་ཤིས་ལགས་ལ་བརྒྱུད་མངའ་དེ་བས་ཟབ་པ་ཡོང་རྒྱུར་ཕན་ནུས་ཐོན་ངེས་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན།  ༼ ཉི་མའི་བུ་ཕྲུག ༽ཞེས་པའི་རླུང་འཕྲིན་འཁྲབ་ཚན་དེ་ཟླ་བ་གསུམ་རིང་ཛ་དྲག་ངང་གྲ་སྒྲིག་དང་ཇུས་འགོད།  འཁྲབ་གཞུང་གསར་རྩོམ་སོགས་བྱས་པ་བརྒྱུད།  སྤྱི་ལོ ༢༠༢༡ ལོའི་ཟླ་བ་དང་པོའི་ཚེས ༢ ཉིན་ནས་བཟུང་སྒྲ་འཇུག་བྱེད་འགོ་ཚུགས་པ་རེད།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ད་དུང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་ཁྲིད་པ་ཆུང་བདག་དང་།  གཏམ་བརྗོད་ཟློས་གར་ཚོགས་པའི་གཞོན་སྐྱེས་འཁྲབ་སྟོན་པ་ཉི་སྒྲོན་སོགས་ཆེད་མངགས་གདན་ཞུ་བྱས་ཏེ་འཁྲབ་ཚན་དེའི་སྒྲ་འཇུག་བརྒྱུད་རིམ་ནང་ཞུགས་པ་མ་ཟད།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་གཙོ་སྐྱོང་པ་མང་པོ་ཞིག་གི་སྐད་སྒྲ་ཡང་རླུང་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེའི་ནང་གྲགས་ནས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]