您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་དང་པོའི་ཚེས ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་ཡུན་ཉིན་ལྔའི་རིང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་རྣམ་པས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཏན་ཏིག་སྒྲུབ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་ཀར་དམིགས་ཏེ། བློ་གྲོས་གཅིག་སྡུད་དང་མཉམ་ཤུགས་གཅིག་སྒྲིལ་ངང་ཐབས་འདོན་ཇུས་གཤོམས་ཧུར་ཐག་གནང་རྒྱུ་རེད།།