您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་དང་པོའི་ཚེས ༢༦ ཉིན། སྤྱི་ལོ༢༠༢༠ ལོ་ནས ༢༠༢༡ བར་གྱི་རྒྱལ་ཡོངས་ཀྱི་ཐང་བགྲོད་གངས་ཤུད་ལེགས་སྐྱེས་འགྲན་བསྡུར་ཐོག རང་ལྗོངས་ཀྱི་འགྲན་ཞུགས་པ་བསོད་ནམས་ཆོས་སྒྲོན་དང་སྐལ་བཟང་ཆོས་སྒྲོན་གཉིས་ཀྱིས་ལམ་ཐག་ཐུང་བའི་བུད་མེད་མཉམ་སྡེབ་འགྲན་བསྡུར་གྱི་མཇུག་མཐའི་འགྲན་རྩོད་ནང་། འབད་འབུངས་ལྷོད་མེད་བྱས་པ་བརྒྱུད་མཉམ་སྡེབ་ཀྱི་ཨང་བཞི་པ་བླངས་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་གངས་ཤུད་མཐུན་ཚོགས། ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུས། པའེ་ཡིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། སྐྱེས་པ་དང་བུད་མེད་མི་སྒེར་གྱི་ལམ་ཐག་ཐུང་བའི་འགྲན་བསྡུར་དང་ལམ་ཐག་ཐུང་བའི་མཉམ་སྡེབ་ཀྱི་འགྲན་བསྡུར་སོགས་རྣམ་གྲངས་མི་འདྲ་བ་ཁག་བརྒྱད་ཡོད། བོད་ལྗོངས་གངས་ཤུད་རུ་ཁག་གི་སྐྱེས་པ ༤ དང་བུད་མེད ༢ ཀྱིས་རྣམ་གྲངས་མི་འདྲ་བའི་འགྲན་རྩོད་ཁག་ནང་ཞུགས་ཡོད།།