རང་ལྗོངས་ཀྱིས་ནད་ཡམས་འགོག་ཟོན་དང་ཐོན་སྐྱེད་སླར་གསོའི་ཐད་འགན་སྲུང་ཏན་ཏིག་བྱས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-02-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་སྲུང་དང་ནད་ཡམས་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་ཆེད།  ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའི་གཅིག་གྱུར་འཆར་འགོད་དང་བཀོད་འདོམས་ཞིབ་ཚགས་འོག  མི་དམངས་ཉེན་རྟོག་པས་ཆུ་ཚོད ༢༤ ཡི་རིང་འཐབ་ཕྱོགས་དང་པོར་གྲ་སྒྲིག་ལས་ཀ་ཁག་ཡག་པོ་སྤེལ་ནས་ལམ་ཐིག་གཙོ་བོ་དང་རླངས་འཁོར་འབབ་ཚུགས།  ས་ཚིགས་སོགས་གཙོ་གནད་ས་ཁོངས་སུ་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་སྟེ།  ནུས་ཤུགས་ཡོད་རྒུས་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་བྱེད་བཞིན་ཡོད།

རང་ལྗོངས་ས་གནས་ཁག་གིས་ཉིན་ཤས་བསྟུད་མར་གཙོ་གནད་བྱེད་སྒོ་སྤེལ་ཡུལ་དུ་བདེ་འཇགས་སྒྲིག་ལམ་གྱི་ལྟ་སྐུལ་དོ་དམ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དོན་འཁྱོལ་ནན་ཏན་བྱས་ནས།  འགྲུལ་སྐྱེལ་བབས་ཚུགས་སོགས་སུ་ཐོ་འགོད་ཞིབ་བཤེར་དང་།  གཟུགས་པོའི་དྲོད་ཚད་ལྟ་ཞིབ་སོགས་ཀྱི་འགོག་སྲུང་བྱ་ཐབས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།  མང་ཚོགས་ཚོས་ཞི་བདེ་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་ཐུབ་རྒྱུ་འགན་ལེན་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]