ཁ་བས་མཛེས་རྒྱན་བཀླུབས་པའི་ར་འོག་མཚོ།

ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-02-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ར་འོག་མཚོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་ཀྱི་ལྷོ་ནུབ་ཕྱོགས་སུ་གནས་ཤིང་།  རང་ལྗོངས་ཤར་རྒྱུད་ཀྱི་མཚེའུ་ཆེན་པོ་དང་པོ་ཡིན་ལ་གཡུ་ཕུག་གཙང་པོའི་ཆུ་འགོ་ཡང་ཡིན།  མཚོ་དེ་ནི་རི་ཉིལ་བའམ་འདམ་རྡོའི་ཆུ་རུད་ལས་ཆུ་ལམ་འགག་པའི་རྐྱེན་གྱིས་ཆགས་པའི་འཁྱིལ་མཚོ་ཞིག་ཡིན་པ་དང་།  དེའི་མཐའ་འཁོར་གྱི་རི་ལ་རི་བརྒྱུད་དུ་ཆགས་པའི་རི་རྩེ་གངས་ཀྱིས་བརྒྱན་པ་སོགས་ལས་རི་ཆུའི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ལྷུན་གྱིས་གྲུབ་ཡོད་པ་དེས།  ཡུལ་སྐོར་བ་ཤིན་ཏུ་མང་པོས་ཁྲོན་བོད་གཞུང་ལམ་བརྒྱུད་ལྟ་བས་ཆོག་མི་ཤེས་པའི་མཚོ་མོའི་མཛེས་ལྗོངས་ལ་མཇལ་ཁ་ཞུ་དུ་ཡོང་རྒྱུར་ཡིད་དབང་བཀུག་ཡོད།།

 

  ༼  ཡིག་བསྒྱུར་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]