您没有安装FlashPlayer或版本太低, 请点击获得最新版本FlashPlayer
རང་སྐྱོང་ལྗོངས་ཀྱིས་སྤྱི་ཚེས ༢༥ ཉིན་གྱི་སྔ་དྲོ། ལས་མི་བསྡུ་བའི་སྤྱི་ལོ ༢༠༢༡ ལོའི་བྱེད་སྒོ་ཆེ་གྲས་ཤིག་ལྷ་སར་སྤེལ་བ་རེད། ཐེངས་འདིའི་ལས་མི་བསྡུ་བའི་བྱེད་སྒོ་དེ་ནི་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གཙོ་གཉེར་བྱས་ཤིང་། ཁྱོན་མི་བཀོལ་སྤྱོད་ཚན་པ ༡༠༡ བྱེད་སྒོ་དེའི་ནང་ཞུགས་ནས་ལས་གནས་མི་འདྲ་བ ༡༦༡༧ མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་བའི་ཁྱབ་ཁོངས་དེ་ཡིག་མཁན་དང་ཚོང༌གཉེར། མི་རྒྱུན་ཐོན་ཁུངས། ཁ་ལོ་བ། ཞབས་ཞུ་བ། ལག་རྩལ་པ་སོགས་ལས་རིགས་མང་པོར་ཁྱབ་ཡོད་ཅིང་། སློབ་ཆེན་སློབ་ཐོན་པར་འཚམས་པའི་ལས་གནས ༡༠༣༡ དང་སྤྱི་ཚོགས་མི་སྣར་འཚམས་པའི་ལས་གནས ༥༨༦ མཁོ་འདོན་བྱས་ཡོད། གཞན་ཡང་། ལས་མི་བསྡུ་བའི་བྱེད་སྒོས་ད་དུང་དྲ་ཐོག་གི་གདན་ཞུའི་ཐབས་ལམ་གཏོད་ཡོད་པས། ལས་ཀ་འཚོལ་མཁན་ཚོས་བོད་ལྗོངས་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བ་བརྒྱུད་དྲ་ཐོག་གདན་ཞུའི་ནང་ཞུགས་ཆོག་གི་ཡོད།།